R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༦ན
[A:༡༦ན]དང་མེ་ཏོག་གི་ཕྲེང་བ་སོགས་ཀྱིས་[C:286]མཛེས་པ་རིའི་གཏོས་ཙམ་གྱི་སྐུ་བོངས་ཅན། རྒྱབ་དུ་སྤར་བུ་སྣོད་ཀྲིཥྞ་ས་རེའི་ལྤགས་པ་བཀབ་པ། སྐུ་ཟུར་དུ་རིག་མས་གདུགས་འཛིན་པ་ཉི་མའི་དཀྱིལ་འཁོར་འབུམ་ཕྲག་མང་པོ་འཁྲིགས་པ་ལྟ་བུའི་འོད་འཕྲོ་བ་གསལ་བར་གཟིགས་ཏེ། ལམ་འབྲས་བུ་དང་བཅས་པའི་གསུང་ཆོས་སོགས་གདམས་པ་མང་པོ་གནང་བས། སྔར་ཉམས་སུ་མ་མྱོང་བའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ཐུགས་རྒྱུད་ལ་འཁྲུངས་པ་དང༌། དེ་ཕྱིན་ཆད་དུ་གནས་མ་ངེས་པ་མང་པོར་རྣལ་འབྱོར་དབང་ཕྱུག ་གི་སྐུའི་རྣམ་འགྱུར་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ནས་ཡང་དུ་ཞལ་གཟིགས་ཤིང༌། ཆོས་གསུངས་པ་སོགས་དང༌། གཟིམས་ཁང་འོག་གི་སྐྱེད་མོས་ཚལ་དུ་རྣམ་ཐོས་སྲས་གཙོ་འཁོར་ཞལ་གཟིགས་པས། གནས་དེ་ལ་དིང་སང་ཀྱངཡངརྣམ་སྲས་གོང་འོག་ཏུ་གྲགས་ཤིང༌། ཞལ་གཟིགས་བསྟོད་པ་དང༌། ཐང་སྐུ་ཡང་ཡོད། རོང་སྟོན་ཐམས་ཅད་མཁྱེན་པའི་ཕྱག་གི་རྗེས་གསལ་པོར་དོད་པའི་ཀ་བ་ཞིག་ཡོད་པ་ལ་དད་པ་ཆེ་ཞིང་ཆོས་ཉམས་ཆུང་བ་དག་གིས་གྲིས་གཞོགས་ཏེ་ཅུང་ཟད་ཉམས་པར་བྱས་པ་ཐུགས་ཀྱིས་མ་བཟོད་པར། འདི་ལ་སྲོག་ཤིང་བྱས་པའི་ཡི་དམ་གྱི་སྐུ་ཅིགགཅིག་བཞེངས་པར་དགོངས་པའི་སྐབས་ཤིག་ཏུ། མགོན་ཁང་ནང་མར་ཐུགས་དམ་ལ་ཐེགས་ཏེ་ཕྱིར་ཕེབས་པའི་ཚེ། མདོ་འཁྱམས་ཀ་བཞི་མའི་དཀྱིལ་ན། གུར་གྱི་མགོན་པོ་ལྷ་མགོན་བཅུ་གཉིས་མ་ཁྲོམ་ཚོགས་སུ་འདུག་པ་ཞལ་གཟིགས་ཤིང༌། [B:༣༤] ཐུགས་དམ་གྱི་གསལ་སྣང་ལ། ཀུན་མཁྱེན་རོང་པའི་ཞལ་ནས། "གདན་ས་པ་ཁྱེད་ཀྱིས་སྔར་བཞེངས་པའི་ཆོས་སྐྱོང་འདི་ཞལ་ཕྱིར་གཟིགས་ནས་བར་ཆད་སེལ་བའི་ཚུལ་དུ་བཞུགས་