[A:༡༦བ]འདུག་[C:287]པས། སླར་ཡང་དགོན་པ་འདི་ལ་ཞལ་གཟིགས་པའི་ཆོས་སྐྱོང་གི་སྐུ་ཞིག་བཞེངས"་ཤེས་པའི་དག་སྣང་ཤར་བས། དེ་མ་ཐག་ལྷ་བཟོ་བ་བོས་ཏེ་ཀ་བ་ཕྱག་རྗེས་མ་ལ་སྲོག་ཤིང་མཛད་ནས་ཞལ་གཟིགས་པའི་ཤུལ་དེ་ཉིད་དུ་གུར་གྱི་སྐུ་བཞེངས་ཤིང༌། འཁོར་རྣམས་ཀྱང་གང་དུ་བཞུགས་པ་དང༌། སྐུའི་རྣམ་འགྱུར་སོགས་ཇི་ལྟར་ཞལ་གཟིགས་པ་དེ་ཁོ་ན་ལྟར་བཞེངས་བར་མཛད་པས་བསིལ་བའི་ཚལ་ལམ། དཔལ་ལྡན་ས་སྐྱ་པའི་དགུསྒོ་རུམ་ལྟར་བྱིན་བརླབས་ཀྱི་གཟི་འོད་དང་བཅས་ནས། བཀའ་བསྲུངས་སྲུངརྣམས་དངོས་སུ་བཞུགས་པའི་མགོན་ཁང་ཕྱི་མ་འདི་ཉིད་གྲུབ་པ་ཡིན་ལ། གཞན་ཡང་གཟིམས་ཁང་འོག་མར་ཡི་དམ་གྱི་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཞལ་གཟིགས་པའི་རིམ་པ་ནི་བགྲང་བ་ལས་འདས་པ་སྟེ། ཧ་ཅང་མང་ཆེས་པས་མཐའ་དག་པར་ཡི་གེའི་ལམ་དུ་བྲི་བར་མ་ལང་པས། དེའི་ཚུལ་མདོ་ཙམ་ནི་མགོན་ཁང་ཕྱི་ནང་གི་ལོགས་དང༌། ཐུགས་དམ་ཐང་སྐུ་རྣམས་སུ་གཟིགས་སྣང་ཇི་ལྟ་བ་བཞིན་བྲིས་པའི་བྲིས་སྐུ་རྣམས་མཇལ་བས་ཤེས་པར་ནུས་སོ། །མཉེས་ཐང་འོར་དང་ཆོས་རྫོང་སོགས་སུ་ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་པ་བདག་འཇུག་བཞེས་པའི་སྐུའི་ཆ་བྱད་ཅན་ལན་མང་དུ་མཇལ་ཞིང༌། སྐུ་འདའ་ཁར་གཟིམས་ཁང་གོང་མར་སྨན་པའི་རྒྱལ་པོས་ལུང་སྟོན་པར་མཛད་པའི་ཞལ་གཟིགས་ཐང་སྐུ་དང་བསྟོད་པའང་ཡོད་ལ། འོད་དཔག་མེད་ཞལ་གཟིགས་པའི་ཞལ་གཟིགས་བསྟོད་པ་དང་ཐང་སྐུའང་ཡོད་དོ། །མདོར་ན་ཐ་མལ་པའི་སྣང་ཞེན་གྱིས་མ་གོས་པར། ཅིར་སྣང་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་འཆར་བའི་རང་གདངས་[C:288]ཡི་དམ་ལྷའི་འཁོར་ལོར་སད་པས། ངོ་མཚར་བའི་ཡུལ་སྣང་འབའ་ཞིག་ལ་གཟིགས་པར་མཛད་པ་ནི་དག་པའི་