[A:༡༧ན]སྣང་བ་རྒྱུན་མི་འཆད་པའི་རྟགས་སོ། །
ཆོས་རྒྱུན་ཏིང་འཛིན་དག་པ༌[B:༣༥] ལྷ་ཡི་སྤྱན། །
རྒྱ་ཆེན་ཤེས་བྱའི་མཁའ་ལ་རབ་ཕྱེ་བས། །
སྤྲུལ་སྐུའི་ཞིང་ཁམས་རྒྱལ་བ་སྲས་དང་བཅས༌། །
མ་སྒྲིབས་མངོན་སུམ་ཉིད་དུ་གསལ་བར་གཟིགས། །
སླར་ཡང་ས་བཅུའི་ཐེམ་སྐས་ལ་འཛེགས་ཏེ། །
སྟུག་པོ་བཀོད་པའི་ཞིང་ཁམས་རབ་སྦྱངས་པས། །
རྣམ་སྣང་གངས་ཆེན་མཚོ་དེའི་ཞལ་སྒོ་ལས། །
ཐེག་ཆེན་ཆོས་ཀྱི་སྒོ་མང་ཡང་ཡང་གསན། །
ཐ་མལ་སྣང་ཞེན་མཁའ་ལ་སྤྲིན་ལྟར་དེངས། །
ཅིར་སྣང་དག་པའི་འཁོར་ལོ་རབ་ཏུ་སད། །
ཡི་དམ་ལྷ་དང་ནམ་མི་འབྲལ་བ། །
སངས་རྒྱས་ཞིང་རྣམས་སྦྱངས་པ་ཁྱོད་ལགས་སོ། །
གཞན་ཡང་ཆོས་ཡེས་བྲག་མགོར་ཐུགས་དམ་ལ་བཞུགས་དུས་ནུབ་ཅིགགཅིག་རྣལ་ལམ་དུ་དར་དཀར་པོའི་ཆོས་གོས་རྣམ་པ་གསུམ་སྐུ་ལ་བཞེས་ཏེ། མེ་ཏོག་སྣ་ཚོགས་པས་རབ་ཏུ་བཀྲ་བའི་རིའི་སྤོ་ལ་ཐེགས་པས། སྦུར་ཆེན་གྱི་རིའི་རྩེ་མོར་ཕེབས་པ་ན། རྗེ་བཙུན་འཇམ་དཔའི་དབྱངས་དགེ་སློང་གི་ཆ་བྱད་ཅན་ཞིག་དང་མཇལ་བའི་ཚེ་དེའི་ཕྱག་གི་རལ་གྲི་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་སྣ་ལ་གཟིགས་པས། མངའ་རིས་ནས་རྒྱ་ནག་གི་བར་གསལ་བར་གཟིགས་པ་དང༌། གོང་ལར་རྫོགས་ཆེན་གྱི་མུན་མཚམས་ལ་བཞུགས་པའི་སྐབས་ཤིག་ཏུ། སྟོད་དགྱེར་ཚུན་ཆད་ཀྱི་དྭགས་ཡུལ་ཕལ་ཆེར་མངོན་སུམ་དུ་གཟིགས་ཤིང་སྐྲོང་ངང་ཀྱི་ཞིང་ཅིགགཅིག་ལ་རྩས་མ་བྱེད་པའི་མིའི་གྲངས་ཚུན་ཆད་གཟིགས་པ་དང༌། ཨེ་ཝམ་དུ་རྣལ་འབྱོར་ཡན་ལག་དྲུག་པའི་ཏིང་ངེ་འཛིན་ལ་[C:289]བཞུགས་དུས། སྟོང་གཟུགས་ཐམས་ཅད་ཨཱ་ལྀ་ཀཱ་ལྀའི་གཟུགས་འབའ་ཞིག་ཏུ་གཟིགས་པ་དང༌། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སྦྱོར་བ་ཡན་ལག་དྲུག་པ་གསན་པའི་དུས་སྣེ་གདོང་གི་མུན་ཁང་ནས་ཡར་ལུངས་