R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༤]བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཀྱཻ་རྡོ་རྗེ་བཤད་པའི་དབང༌། རྡོ་རྗེ་གུར་ནས་གསུངས་པའི་རིགས་བསྡུས་པ་མཁའ་འགྲོ་ལྔའི་བསྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་ཆོས་རྗེ་དཔལ་ལྡན་བླ་མ་དམ་པས་མཛད་པའི་སྟེང་ནས་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ཌོཾ་བྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ་ཤེས་རབ་དབང་པོ་མཛེས་པ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་བླ་འབར། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་སྙིང༌། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འགྲོ་མགོན་འཕགས་པ། ཚོགས་བསྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མ་ཏི་པཎ་ཆེན། ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཞབས། རྗེ་བཙུན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་ས་སྐྱ་པ་ཆེན་པོ། ཁམ་པ་ནེ་ཙོ་སྦས་སྟོན། གན་པ་སྟོན་དར། གན་པ་སེ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ་དེས་བདག་ལའོ། །ཡང་མ་ཏི་པཎ་ཆེན་གྱི་གནས་སུ་བླ་ཆེན་ཀུན་རྒྱལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ས་ཆེན་ནས་ཁུ་དབོན་ལྔ་ལ་རྒྱུད་དེ། དེ་ནས་འཇམ་དབྱངས་རིན་རྒྱལ། བླ་མ་བག་སྟོན། བླ་མ་བསམ་གཏན་གྲུབ། ཚུལ་རྒྱལ་བ། ངག་དབང་པ། ཆོས་རྗེ་བྱང་སེང་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་