R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༣
[A:༡༣༣]བླང་བའི་མན་ངག སྲེ་བ་དྲུག་གི་མན་ངག རྡོ་རྗེ་སེམས་དཔའི་བསེགས་ལམ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་མན་ངག མགྲིན་པར་རྨི་ལམ་ལ་བརྟེན་ནས་སྒྱུ་མ་བཙན་ཐབས་སུ་བཟུང་བའི་མན་ངག སྙིང་ཁར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་མ་རིག་པ་རྩད་ནས་བཅད་པའི་མན་ངག རིམ་ལྔ་ཅིག་ཆར་བའི་མན་ངག གསང་བ་ཐུགས་བརྒྱུད་ཀྱི་རིམ་ལྔའི་མན་ངག ད་ལྟ་ཉིད་ནས་འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་གཏན་ལ་དབབ་པ། ཕ་རྒྱུད་ཡང་སྙིང༌། མ་རྒྱུད་ཡང་སྙིང་རྣམས་གསེར་སྡིངས་པ་གཞོན་ནུ་འོད་ཀྱིས་མཛད་པ་དང༌། གསང་འདུས་རིག་ལྔའི་ཁྲིད་ཡིག་གྲགས་ཆེན་པས་མཛད་པ། དབང་གོང་མའི་ཆོ་ག་དང༌། ངོ་སྤྲོད་ཡུ་མོ་ཁུགས་གཉིས་ཀུན་མཁྱེན་འཕགས་འོད་ཀྱིས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། གསེར་སྡིངས་པ་གཞོན་ནུ་འོད། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཆེན་བྱང་རྩེ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོསབླ་མ་དོན་དཔལ་བབྱང་སེམས་ཤཱཀྱ་དྷྭ་ཛབྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། ༈ །ཡང༌། བུ་སྟོན་རིན་པོ་ཆེའི་བཀའ་འབུམ་གྱི་སྟེང་ནས། གསང་བ་འདུས་པའི་རྒྱུད་འགྲེལ་གྱི་བཤད་ཐབས་ཀྱི་ཡན་ལག་གསང་བའི་སྒོ་འབྱེད། མདོར་བྱས་ཀྱི་རྒྱ་ཆེར་བཤད་པ་སྐྱེད་རིམ་གསལ་བྱེད། སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་བཤད་སྦྱར་མཐའ་དྲུག་རབ་གསལ། དེའི་བསྡུས་དོན་ཉུང་གསལ་རིམ་ལྔའི་དམར་ཁྲིད་ཀྱི་མན་ངག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་རྣམས་སློབ་དཔོན་རིན་པོ་ཆེ་བཤེས་གཉེན་བཟང་པོ་ལས་ཞུས་ཤིང༌། ཁོང་པས་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་པ་ལས་ཐོབ་ཅེས་གསུང་ངོ༌། །བྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །ཡང་སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བྱ་བའི་མན་