R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༤
[A:༡༣༤]ངག འཁོར་ལོ་དང་བཅས་པ། རྡོ་རྗེ་གདན་པ་བསོད་སྙོམས་པས་མཛད་པ། དོན་ཡོད་རྡོ་རྗེ་དང༌། བ་རི་བའི་འགྱུར་སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བསྡུད་པའི་མན་ངག ཆོས་རྗེ་བླ་མ་དམ་པས་མཛད་པ་དང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ས་པཎ། འཕགས་པ། གཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ། ཡར་ལུངས་པ་སེང་གེ་རྒྱལ་མཚན། ཡང༌། ས་པཎ། སློབ་དཔོན་ཤཱཀྱ་འོད། རྒྱལ་ཚ་ལུང་མངས་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་བཟངས་པ། བླ་མ་དམ་པ་སེང་གེ་རྒྱལ་མཚནབླ་མ་བསོད་ནམས་རྒྱལ་མཆོག མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།། ༈ །།ཡང༌། ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཉམས་སུ་ལེན་པའི་མན་ངག་ས་ཆེན་གྱིས་མཛད་པ་ལུང་བླང་བའི་མན་ངག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ནས་རིམ་པར་བརྒྱུད་དེ། པཎྜི་ཏ་གཱ་ཡ་དྷ་ར། འབྲོག་མི་ལོ་ཙཱ། མངའ་རིས་པ་གསལ་སྙིང༌། མཁན་ཆེན་དགྱེ་ཆུ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཡར་སྒོམ་སེ་བོ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་གི་དབང་ཕྱུག་མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་བཟང༌། ཡར་ལུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།། ༈ །།ཡང༌། ཨུཥྞཱི་ཥའི་བསྲུང་འཁོར། རྭ་ནུབ་པ་ནས་བརྒྱུད་པ་ནི། སངས་རྒྱས་ཡེ་ཤེས་ཞབས། ལ་ལི་རི་བཛྲ། དྲི་མེད་སྦས་པ། དོན་ཡོད་རྡོ་