R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༥
[A:༡༣༥]རྗེ། པདྨ་བ། སྦ་རོ་ཕྱག་སྡུམ། རྭ་རྡོ་རྗེ་གྲགས། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌།
འདི་མན་རྩད་གཅོད་རྒྱུ།
བྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།། ༈ །།ཁྲག་མདོག་དམར་པོ་ཡབ་ཡུམ་གྱི་སྒྲུབ་ཐབས་རྒྱ་སྟོན་གྱིས་མཛད་པ་དང༌། རྗེས་གནང་གི་ཡི་གེ་རྭ་ཤེས་རྒྱལ་གྱིས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་དྷརྨ་ཡེ་ཤེས། རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་རྒྱལ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རྡོར་བ། རིན་པོ་ཆེ་ཤེས་རབ་གྲགས། ལུང་པ་དཀོན་མཆོག་རྡོ་རྗེམཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། ༈ །ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནོར་ལྷ་ལྟར་སྒྲུབ་པ། ནང་མགོན་པོ་ལྟར་སྒྲུབ་པ། གསང་བ་བདུད་དུ་སྒྲུབ་པ་གསུམ་གྱི་རྗེས་གནང་མཁན་ཆེན་པད་བཟང་པས་མཛད་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཛིན་པ། པདྨ་འབྱུང་གནས། གྲྭ་པ་མངོན་ཤེས་སུ་གྲགས་པའི་དགེ་བཤེས་དབང་ཕྱུག་འབར། སྤུ་རངས་པ་བསོད་རིན་དང༌། ག་བྲན་ནག་པོ། དེ་གཉིས་ལ་གུང་ཐང་གི་སྒོམ་ཆེན་སྨོན་འབར། དེའི་སྲས་གུང་ཆུང་སྟོན་པ། ཤ་མ་སྒོམ་ཆེན། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་ཆུབ་སེམས་དཔའ། མྱང་བྱང་ཆུབ་སེམས་དཔའ། བྲག་དཀར་སྨན་བླ་བ། ཇོ་སྲས་དཀོན་མཆོག་གཞོན་ནུ། འགར་ཚུལ་གཞོན་པ། མཁས་གྲུབ་ཆོས་དཔལ་བཟང་པོ། དཔལ་སྦས་གྲགས་པ་རྒྱལ་མཚན། མཁན་ཆེན་པདྨ་བཟང་པོ། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་རྒྱ་མཚོ། དཔལ་འཛིན་བཟང་པོ་བ་དེས་བདག་ལའོ། ༈ །ཆོས་སྐྱོང་སེང་