R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༦
[A:༡༣༦]གེ་ནག་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། གཤིན་རྗེ་གཤེད། ནག་པོ་ཆེན་པོ། བྷ་སུ་རི་པ། རྡོ་རྗེ་གདན་པ། མི་འཁྲུག་པ། དཔལ་ཏེ་ནུ་དབང་ཕྱུག སུརྻ་པ། གྲུབ་ཆེན་ཤོལ་པོ་བ། རིན་པོ་ཆེ་སངས་རྒྱས་དབོན་པོ། ཞིག་པོ་རིན་པོ་ཆེ། ཟུར་དབེན་པ། སྤྱན་སྔ་ཆོས་གཞོན། ཁང་མོ་ཆེ་པ། དར་མ་རྡོ་རྗེ། མཁས་གྲུབ་ཤེས་རབ་གྲགས་པ། བླ་མ་བསོད་ནམས་བཟང་པོ། རིན་པོ་ཆེ་སེང་གེ་དཔལ། བླ་མ་དཔལ་ལྡན་རྒྱ་མཚོདཔལ་འཛིན་པ། བདག་ལའོ། ༈ །རྡོ་རྗེ་ཕག་མོ་ནག་མོའི་བྱིན་བརླབས་ལས་ཚོགས་ཞེ་གཉིས་ཀྱི་ལུང་དང་བཅས་པ་ཞུས་པའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མངའ་བདག་མྱང་རལ། སྲས་མི་བསྐྱོད་རྡོ་རྗེ། མཉམ་མེད་མདོ་རས། མེ་ལོང་རྡོ་རྗེ། སྲས་བློ་ལྡན་སེང་གེ དེའི་སྲས་དུར་ཁྲོད་པ་སངས་རྒྱས་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་རིན་ཆེན། བླ་མ་དཔལ་ལྡན་རྒྱལ་མཚན། བླ་མ་དཔལ་ལྡན་རྒྱ་མཚོབྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། ༈ །ཡང༌། མེ་ལོང་རྡོ་རྗེ། རི་སྐྱ་བ་རྡོ་རྗེ་དཔལ། རྟོགས་ལྡན་ཡོན་ཏན་རྡོ་རྗེ། རྣམ་གྲོལ་བ་གཞོན་ནུ་ཆོས་བཟང༌། ཡང་རྫོང་པ་དཔལ་ལྡན་རྒྱལ་མཚན། བླ་མ་དཔལ་ལྡན་རྒྱ་མཚོ། དཔལ་འཛིན་བཟང་པོ། དེས་བདག་ལའོ། ༈ །དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་གུར་མགོན་གྱི་བསྐང་གསོ་ཆེ་ཆུང་གཉིས་ཀྱི་ལུང་མཁན་ཆེན་བློ་རྒྱལ་བ་ལས། དཔལ་འཛིན་བཟང་པོ། དེས་བདག་ལའོ། ༈ །འདི་རྣམས་ནི། ཆོས་རྗེ་རིན་པོ་ཆེ་བྲག་ཐོག་པའི་དབོན་པོ་རྡོ་རྗེ་འཛིན་པ་དཔལ་འཛིན་བཟང་པོས། བླ་མ་སོ་སོ་ལ་ཞུས་ནས་དྲུང་པ་ཉིད་ལས་བདག་གིས་ཐོབ་པའི་རྣམ་གྲངས་སོ།། ཅིག་ཞུས། ཤུ་བྷཾ།། །།