R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༠
[A:༡༧༠]ཞབས་པ་ཆེ་ཆུང་གཉིས། བོདྡྷི་བྷ་དྲ། སཱ་དྷཱུ་པུ་ཏྲ། ཨ་བྷ་ཡ་ཀཱ་ར་གུཔྟ། རྩ་མི་སངས་རྒྱས་གྲགས། ཨ་བྷི་ཛུ་ཀ་པ། དྷརྨཱ་སཱ་དྷུ་པུ་ཏྲ། དྷརྨ་ཨཱ་ཀཱ་ར། བྷསྐཱ་ར་ལ། སེ་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་ཨ་བྷ་ཡཱ་ཀ་ར་ལ་ཚར་གཅིག རྩ་མི་ལ་ཚར་གཉིས། ཨ་བྷི་ཛུ་ཀ་ལ་སྟོད་ཅིག བྷས་ཀཱ་ར་ལ་ཚར་གཅིག དེ་ལ་གཉོས་འོད་མས་ཚར་གསུམ་གསན། སེ་ལོ་ཙཱ་བ་བཀྲ་ཤིས་རིན་ཆེན། སངས་རྒྱས་རྡོ་རྗེ། གྲུབ་ཆེན་ཨུ་རྒྱན་པ། ཆོས་ཀྱི་རྒྱལ་མཚན། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་ཤཱཀྱ་དྷྭ་ཚ། དེས་བདག་ལའོ། ༈ །གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་རྣལ་འབྱོར་མའི་རྒྱུད་ལ། རིགས་དྲུག་ཀ་མཉམ་པར་སྟོན་པའི་རྒྱུད། ཧེ་རུ་ཀའི་གཙོ་བོར་སྟོན་པའི་རྒྱུད་དང༌། རྣམ་སྣང་གི་རིགས་གཙོ་བོར་སྟོན་པའི་རྒྱུད། རྡོ་རྗེ་ཉི་མའི་རིགས་གཙོ་བོར་སྟོན་པའི་རྒྱུད། པད་མ་གར་དབང་གི་རིགས་གཙོ་བོར་སྟོན་པའི་རྒྱུད། རྟ་མཆོག་གི་རིགས་གཙོ་བོར་སྟོན་པའི་རྒྱུད། རིགས་དྲུག་པ་རྡོ་རྗེ་འཆང་གཙོ་བོར་སྟོན་པའི་རྒྱུད་དང་བདུན་གྱི་དང་པོ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་བླ་མ། རྩ་བའི་རྒྱུད་བརྟག་པ་བཅུ་པ། འདི་ལ་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ཏུ་འགྲེལ་བར་བཤད། དེའི་རྒྱུད་ཕྱི་མ་རྟོག་པ་བདུན་པའི་དཔེ་མ་རྙེད་དོ། །དེའི་རྒྱུད་ཕྱི་མ་རྟོག་པ་ལྔ་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། དེ་གསུམ་རྫོགས་པ་ལ་གཞུང་ཚད་ཁྲི་བརྒྱད་སྟོང་དུ་བཤད་དོ། །དེའི་རྒྱུད་པ་ནི། སངས་རྒྱས་ཕྱག་རྡོར། རྡོ་རྗེ་གདན་པ་ཆེ་ཆུང་གསུམ། པཱུཎྱ་ཤྲཱིཿ སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། གླན་བང་སོ་བ། རྒྱ་ཕོ་བ་ལུང་པ། གཉལ་པ་ཆོས་