R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༡
[A:༡༧༡]གྲགས། སངས་རྒྱས་འབུམ། ལོ་མཆོག བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་པ་རྡོ་རྗེ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། ༈ །གཉིས་པ་ལ། བདེ་མཆོག་དང༌། ཀྱཻ་རྡོ་རྗེ་དང༌། སངས་རྒྱས་ཐོད་པ་དང༌། སྒྱུ་འཕྲུལ་ཆེན་མོ་དང༌། ཨ་ར་ལི་གཉིས་དང་ལྔའི་དང་པོ་ལ། རྩ་བའི་རྒྱུད་འབུམ་པ་ཆེན་པོ་ལས་བསྡུས་པའི་རྒྱུད་རྩ་བའི་རྒྱུད། ཕྱི་མའི་ཕྱི་མ་ལེའུ་ལྔ་བཅུ་རྩ་གཅིག་པ། ཤླཽ་ཀ་
ཤློ་ཀ་ཅེས་པ་བོད་སྐད་དུ་ཚིགས་བཅད་དང་གྲགས་པ་ལའང་བསྒྱུར
། སྟོང་བདུན་བརྒྱ་པ། པཎྜི་ཏ་པདྨ་ཀཱ་ར་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། དུས་ཕྱིས་ལོ་ཙཱ་བ། གྲགས་འབྱོར་ཤེས་རབ་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གིས། བླ་མ་ནཱ་རོ་པའི་ཕྱག་དཔེ་ལས་གཏུགས་ནས་དག་པར་བཅོས་ཤིང་གཏན་ལ་ཕབ་པ་འདི་ལ། དངོས་སུ་དཀྱིལ་འཁོར་གཉིས་སྟོན་ཅིང༌། གྲོལ་དགོངས་བཀོད་ནས་བཅུ་གསུམ་དུ་སྟོན་ནོ། །འགྱུར་འདི་ལ་ཕྲེང་སྔགས་བཏུ་བ་ཡོད་གཞན་ལ་མེད་དོ། །རྒྱུད་འདི་ནི་ཕ་ཆོས་ཀྱི་རྗེ་ཉིད་ལ་ཐོབ་ཟིན་པས། སླད་ནས་མ་ཉན་ཞིང་བརྒྱུད་ཡིག་ཀྱང་གཞན་ན་གདོག བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ། ཀླུ་སྒྲུབ། ཤ་བ་ར་པ། དཱ་རི་ཀ་པ། གནྡྷཾ་པ། རུས་སྦལ་ཞབས། ཛ་ལནྡྷ་ར་པ། ཀརྞཎ་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། བར་མའི་སློབ་དཔོན། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་གྱོ་ལོ་ཙཱ་བ། རྗེ་ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། སློབ་དཔོན་ཆོས་ཀྱི་རྒྱལ་མཚན། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། ༈ །དེའི་