[A:༣༥༣]གྲགས་ཆེན། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ། །ཡང་ན་དབུས་པ་སངས་འབུམ། འགྲོ་མགོན་འཕགས་པ། ཁང་སྟོན་འོད་ཟེར་རྒྱལ་མཚན། ཆ་རུ་བ་སེང་གེ་དཔལ། ཞེ་དགོན་པ་དབང་རྒྱལ། བླ་མ་མགོན་པོ་འབུམ། ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ།། །།
༄། །དྲུང་ནས་རིན་པོ་ཆེ་ཀུན་བཟངས་བརྩི་པའི་སྐུ་དྲུང་དུ་ཆོས་ཐོབ་ཡིག
ན་མོ་གུ་ར་ཝ། ལེགས་བྱས་ཡོངས་རྫོགས་སྐུ་ཡི་དཀྱིལ་འཁོར་མཁྱེན་བརྩེ་བྱེ་བའི་འོད་ཟེར་ཚོགས་ལྡན་སྐལ་ལྡན་པད་མའི་ཚལ་རྒྱས་བྱེད། །ཤེས་བྱའི་མཁའ་ལ་ཐོགས་མེད་བགྲོད་ཅིང་མི་ཤེས་མུན་པར་ལྷན་ཅིག་མི་གནས་རྨོངས་པའི་མཚན་མོ་མཐར་མཛད་མ། །རྒོལ་བའི་མིག་གིས་ལྟ་བར་མི་བཟོད་མི་མཐུན་ཕྱོགས་ཀྱི་སྐར་མའི་འོད་ཀྱང་འདི་ན་སྣང་བར་ཡོང་མ་འགྱུར། །ཐུབ་བསྟན་ཉིན་མོའི་མགོན་པོ་གང་ཁྱོད་བདག་བློའི་མཁའ་ལ་རྟག་ཏུ་གནས་མཛོད་དཔལ་ལྡན་བླ་མ་མཆོག་གི་རྗེ། །དེ་ལྟ་བུའི་རྗེ་བཙུན་དམ་པ་འདི་ཉིད་སྤྱིར་མཐའ་ཡས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན་པ་ལས། ལྷག་པར་ཡང་བཀའ་ལུང་མན་ངག་གི་རྒྱ་མཚོ་ཆེན་པོར་གྱུར་པའི་ཕྱིར། བདག་ཅག་ལ་ཆོས་ཀྱི་བསྐལ་བ་བཟང་པོར་མཛད་པས་ན། བཀའ་དྲིན་དྲན་ཞིང་ཐོབ་པའི་རྣམ་གྲངས་མི་བརྗེད་པར་བྱ་བའི་སླད་དུ་ཡི་གེ་བཀོད་པར་བགྱི་བ་ལས། དང་པོར། མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བའི་རྒྱ་ཆེར་བཤད་པ་ངེས་པའི་དོན་གྱི་