R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༤
[A:༣༥༤]གསལ་བྱེད་ཅེས་བྱ་བ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པས་མཛད་པའི་ལུང་གི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞབས། རྒྱ་མ་བ་ཡོན་ཏན་འོད། ཤངས་པ་ཀུན་མཁྱེན་པ། མཁས་གྲུབ་གཞོན་ནུ་དཔལ། རྩ་བའི་བླ་མ་བསོད་ནམས་རྒྱལ་མཚན། དེས་བདག་ཐུ་བཙུན་ཀུན་དགའ་རྣམ་པར་རྒྱལ་བ་ལ་དགྱེས་བཞིན་དུ་གནང་བའོ། །ཡང་ན། ཆོས་རྗེ་བླ་མ་དམ་པ། ལོ་ཆེན་བྱང་རྩེ། སང་རིན་པ། ཡིད་སངས་རྩེ་པ། རྗེ་བླ་མ། བདག་གོ། །།ཡང༌། ཟུར་བཀའ་ཤིན་ཏུ་དཀོན་པའི་རྣམ་གྲངས་ཐོབ་པ་ལ། དཔལ་བདེ་མཆོག་གི་རྒྱུད་མངོན་བརྗོད་བླ་མའི་ལེའུ་ཉི་ཤུ་རྩ་གཉིས་པ་ལས་གསུང་པ་འཁོར་ལོ་སྒྱུར་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་འཁོར་ལོ་བདེ་མཆོག ཕྱག་ན་རྡོ་རྗེ། ས་རཱ་ཧ། ནཱ་གརྫུ་ནཱ། ཤ་བ་རཱ་པ། ལཱུ་ཧི་པ། དཱ་རི་ཀ་པ། གནྡྷ་རཱ། ཀུརྨ་པཱ་ད། ཛ་ལནྡྷ་ར་པ། ཀརྞཱ་ཙརྻ། གུ་ཧྱ་པ། བི་ཛ་ཡ་པཱ་ད། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། ཀློག་ཀྱ་ཤེས་རབ་རྩེགས། མལ་ལོ་ཙཱ་བ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ བློ་ཆེན་སངས་རྒྱས་སྲས། ལོ་མཆོག དཔལ་ལྡན་སེང་གེ ཤེས་རྡོར་བ། གཉལ་པ་བདེ་ལེགས། གནས་རྙིང་མཁན་པོ་རིན་ཆེན་རྒྱལ། ཀླུ་སེང་པ་མཁན་པོ་བསོད་ནམས་དར། དམར་སྟོན་པ། རྗེ་བཙུན་བླ་མ། དེས་བདག་ལའོ། །དེ་ནི་ས་ལུགས་ཏེ། མར་ལུགས་ནི། རྡོ་རྗེ་འཆང༌། ཌོཾ་བྷི་བ། ཏཻ་ལོ་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། རིན་ཆེན་དཔལ། གཉལ་པ་ནས་སྔར་བཞིན་ནོ། ༈ །བདེ་མཆོག་གི་བཤད་རྒྱུད་ནམ་མཁའ་དང་མཉམ་པ་ལས་གསུང་པ། འཁོར་ལོ་བདེ་མཆོག་ལྷ་ལྔ་