R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༥
[A:༣༥༥]རིགས་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་པཱ་ཎི། ཛྙཱ་ན་ཌཱ་ཀི་ནཱི། རཏྣ་བཛྲ། བྲཧྨ་པུ་བྷ་གཱ། བྲཧྨ་ཌ་ཀི་པ། ཤཱ་བ་རི་ཛྙཱ་ན་བཛྲ། སྟཱ་ཤོད་ཤཱཀྱ་སེང་གེ ལོ་སྟོན་རྡོ་རྗེ་སེང་གེ གན་པ་སྟོན་དར། གན་པ་ཤེས་རབ་བློ་གྲོས། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་ཆེན་རྒྱལ་མཚན། ཐོག་སྟོན་ཤེས་རབ་རྡོ་རྗེ། གཉལ་པ་བདེ་ལེགས་པ། གནས་རྙིང་མཁན་པོ་རིན་ཆེན་རྒྱལ་མཚན། བླ་མ་ཆོས་གྲགས་པ། མཁན་པོ་བསོད་ནམས་རྒྱལ་མཚན། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལྷ་བཞི་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། པྲ་ཛྙཱ་སིདྡྷིཿ མུ་ཏི་ཏ་ཀོ་ཥཿ ཤྲཱདྡྷ་ཀ་རཿ ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེས་འབར། འོར་སྟོན་ལྷའི་དབང་ཕྱུག སངས་རྒྱས་འབར། སོ་ཐམས་ཅད་མཁྱེན་པ། ཆོས་ཀྱི་སེང་གེ སྐྱི་སྟོན་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན། བདེ་བ་ཅན་པ། དཀོན་མཆོག་སེང་གེ སེང་གེ་རྒྱལ་མཚན། བླ་མ་ཆོས་རྒྱལ། འཕགས་འོད། བླ་མ་དཔལ་ལྡན་སེང་གེ ལོ་ཆེན་བྱང་རྩེ། ལོ་ཙཱ་བ་གྲགས་རྒྱལ། བོ་དོང་ཆོས་རྒྱལ། མཁན་པོ་ཀུན་རྒྱལ། རྗེ་བླ་མ། དེས་བདག་ལའོ།། ༈ །།ཀྱེ་རྡོར་མཚོན་ཆ་ཅན་ནམ། དྲག་པོ་གདན་ཅན་དུ་གྲགས་པ་ལྷ་བཅུ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བཛྲ་དྷ་རཿ ནཻ་རཱཏྨཱཿ བི་རུ་པཿ ཌོམྦྷི་ཧེ་རུ་ཀཿ ཨ་ལ་ལ་བཛྲཿ ཤ་བ་ར། གརྦྷ་རི་པ། ཛཱ་ཡ་ཤྲཱི་ཛྙཱ་ནཿ དུརྒ་ཙནྟྲཿ ཤཱུ་རཱཾ་གཱ་བཛྲཿ