R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༦
[A:༣༥༦]འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎ་ཆེན། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་གཞོན་ནུ་སེང་གེ གཉལ་པ་བདེ་ལེགས་པ། དཔལ་ལྡན་དོན་གྲུབ། ས་བཟངས་གཞོན་ནུ་བློ་གྲོས། རྗེ་ཀུན་དགའ་བཟང་པོ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།ཀྱཻ་རྡོར་མཻ་ཏྲི་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བཛྲ་དྷ་རཿ བཛྲ་ནཻ་རཱཏྨཱ། བི་རཱུ་པཀྵཿ ཀྲིཥྞ་པ། ཀྲི་ཡཱའི་ཌྷ། ཨ་བ་དྷཱུ་ཏཱི་པ། ཤཱནྟི་ཀ་རཿ ཤྲཱི་དྷརྨ་པཱ་ལ། ཛྙཱ་ནཱ་ནདྷི། མ་ཏི་དྷྭ་ཛཿ ཨ་མོ་གྷ་ཤྲཱིཿ སི་ཧེ་ཤྭ་རཿ ནཱ་གཱི་ཤྭ་རཿ རཱ་ཧཱུྃ་ལ་གུཔྟ། ཙནྟྲ་དེ་བཿ ཤྲཱི་བ་ན་ཏནྟ་པཱ་དཿ སྭཱ་མི་གུ་རུཿ དེས་བདག་ལའོ།། ༈ །།ཡང༌། བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་རྗེ་བླ་མ་དེ་ལས། ཕག་མོ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། མཁའ་འགྲོ་མ་དཔལ་གྱི་བློ་གྲོས། བི་རཱུ་པ། ཨ་ཝ་དྷཱུ་ཏཱི་པ། གདོང་ངར་
རིགས་ངན་དངོས་གྲུབ་མཉེས་པ་གདོང་ངར་བ། ཉ་བ་ར་ཡིན་ཡང༌
། བ། བསོད་སྙོམས་པ་ཆུང་བ། བླ་མ་ཧ་ངུ༌།
རབ་བྱུང་མིང་ཧ་ངུ་བླ་བཏགས་ཧ་ངུ་དཀར་པོར་གྲགས། གསང་མཚན་བྷ་རེནྡྲ་རུ་རྩེ། མཚན་དངོས་བསོད་ནམས་འབྱུང་གནས
། དཔྱལ་ཀུན་དགའ་རྡོ་རྗེ། མངའ་རིས་སྐྱི་སྟོན། རྒྱལ་ཚ་རིན་ཆེན། ཁྲོ་ལོ་བྱམས་པ་དཔལ། འཇལ་ཕུ་བ་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ་བསོད་སེང༌། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། བྲག་ནག་པ་གཞོན་ནུ་བསོད་ནམས། འཇམ་དབྱངས་རིན་རྒྱལ། རྩང་པ་ཆོས་གྲགས། མཁན་པོ་དོན་དཔལ། ཆོས་རྗེ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན། དེས་བདག་ལའོ། །ཡང་དཔྱལ་ཀུན་རྡོར་ནས་ཟར་སྟོན་ལོ་ཙཱ་བ། སྣར་སྟོན་ཞིག་པོ། གྲགས་པ་ཚུལ་