R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༧
[A:༣༥༧]ཁྲིམས། དཀོན་མཆོག་གྲགས། འཕགས་འོད། འཇམ་རྒྱལ། མཁན་པོ་ཀླུ་སྒྲུབ། དཀོན་མཆོག་གཞོན་ནུ། ཡང་རྩེ་བ་མན་སྔར་བཞིན། ཡང་དཔྱལ་ཀུན་རྡོར་ལ། ཡང་དབེན་པ་བསོད་ནམས་སེང་གེ སྲས་དཔྱལ་ཀུན་དགའ་གྲགས། ལྷ་ལུང་པ་དང་གསུམ་གྱིས་ཞུས། དེ་ལ་དཔྱལ་ཆོས་བཟངས། རོང་པ་རྒྭ་ལོ། རོང་པ་ཤེས་སེང༌། བག་སྟོན་གཞོན་ཚུལ། སྟག་སྟོན་གཞོན་ནུ་དཔལ། ཨ་མོ་གྷ་བཛྲ། འཇམ་རིན་པ། དེ་མན་སྔར་བཞིན་ནོ། །དེ་ལྟར་རྗེས་གནང་གསུམ་ཕྱོགས་གཅིག་ཏུ་ཐོབ་ནས། ཡིག་ཆའི་ལུང་ཞུས་པའི་རིམ་པ་ནི། རྡོ་རྗེ་ཕག་མོའི་བླ་མ་བརྒྱུད་པའི་གསོལ་འདེབས། གཞུང་དྲུག་གི་བླ་མ་བརྒྱུད་པའི་རྣམ་ཐར། གཞུང་དྲུག་གི་མངོན་རྟོགས། གཞུང་དྲུག་གི་སློབ་མ་རྗེས་འཛིན་གྱི་ཆོ་ག གཞུང་དྲུག་གི་ཁྲིད་ངོ་སྤྲོད་དང་བཅས་པ། གཞུང་དྲུག་གི་ཞལ་གདམས་སྣ་ཚོགས་ཉིད་མཁན་ཆེན་འཇམ་དབྱངས་རིན་རྒྱལ་བས་མཛད་པ་སྟེ། བླ་མ་དེ་ལས། གཙང་པ་ཆོས་གྲགས་དོན་དཔལ། རྗེ་བླ་མ། བདག་གོ །ཡང་བརྒྱུད་སྲོལ་རྣམས་གྲངས་པ་ནི། རྡོ་རྗེ་ཕག་མོ། ཤ་བ་ར། བཟང་པོ་ཞབས། པདྨ་བཛྲ། དེ་ཁོ་ན་ཉིད་གྲུབ་པ། རིགས་འཛིན་རྡོ་རྗེ། ཆོས་དཔལ་བཤེས་གཉེན། ཤཱི་ལ་ཤམ་ཀ་ར། དོན་ཡོད་རྡོ་རྗེ། བྱང་ཆུབ་རྡོ་རྗེ། པཎ་ཆེན། ནགས་ཀྱི་རིན་པོ་ཆེ། དེ་ལ་བླ་མ་ཉིད་ཀྱི་གསན་པ་ནི། དོན་གྲུབ་མའི་འོ། །ཡང་དོན་གྲུབ་མའི་རྗེས་གནང༌། རྡོ་རྗེ་རྣལ་འབྱོར་མ། ལྕམ་ལཀྵྨི་ཀ་ར། བི་རཱུ་པ། ཨ་བ་དྷཱུ་ཏི་པ། ལྡོང་ངར་བ། བསོད་སྙོམས་པ་རྒྱལ་བ་བྱིན། ཧ་ངུ་དཀར་པོ། དཔྱལ་ཀུན་རྡོར། བྲན་མཐའ་བྲལ། རྔོ་ཚ་དཔལ་ཆེན། མན་ལུངས་གུ་རུ། བྱང་ཆུབ་དར། འཛམ་གླིང་སངས་རྒྱས་རིན་ཆེན། ཤེས་རྡོར་བ། ཆོས་དཔལ་བ། གྲགས་འབྱུང་བ། དམར་སྟོན་པ། རྩ་བའི་བླ་མ། དེས་བདག་ལའོ།། །།ཡང༌། ཞལ་གཉིས་པའི་རྗེས་གནང་གི་