R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༣
[A:༣༦༣]མ། དེས་བདག་ལའོ།། །།རྣམ་འཇོམས་བ་རི་ལུགས་ལྷ་གཅིག་གི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས་ཕྱག་རྡོར། ཛེ་ཏ་རི་པ། ཨ་ཤོ་ཀ རྡོ་རྗེ་གདན་པ། ཀ་པི། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། དབུས་པ་ཟི་སྟོན། གནམ་ཁའུ་པ། ལྟུམ་སྟོན། ཤེས་རབ་དཔལ། ཤེས་རིན། ཆོས་རྒྱལ། ཤེར་སེང༌། ཀུན་དགའ་ཚུལ་ཁྲིམས། བག་སྟོན། ཚུལ་རྒྱལ་བ། བྱ་བྲལ་བ། ཆོས་གྲགས་པ། དོན་དཔལ་བ། འགྲོ་བཟང་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།རྣམ་འཇོམས་ནག་པོ་ལྷ་ཉི་ཤུ་རྩ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། བྱམས་པ། གངྒཱ་འཛིན། སངས་རྒྱས་གསང་བ། ཀུན་ཏུ་བཟང་པོ། ཁ་ཆེ་ཛྙཱ་ན་ཤྲཱིཿ གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། གཤེན་རྡོར་སེང༌། ཀླན་ཆོས་འབྱུང༌། ལྟུམ་སྟོན་པ། བླ་མ་རིན་ཆེན་ཤེས་རབ། ལོ་མཆོག བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བསོད་རིན་པ། ཆོས་གྲགས་པ། བྱང་བཟང་པ། རྗེ་བླ་མ། དེས་བདག་ལའོ། །ཡང༌། ཀླན་ཆོས་འབྱུང་གནས། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེར་སེང༌། གཅུང་ཨཱ་ཀ་ར་སིདྡྷིཿ བག་སྟོན་མན་སྔར་བཞིན་ནོ།། ༈ །རྣམ་འཇོམས་ནག་པོ་ལྷ་བཅུ་དགུ་ཛ་ཡ་ཝརྨའི་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་བྱམས་པ། གངྒཱ་འཛིན། ནོར་བུ་རྡོ་རྗེ། རྒྱལ་བའི་གོ་ཆ། ཡེ་ཤེས་དཔལ། ཅོག་གྲུ་རབ་ཞི། ཡོན་ཏན་ལེགས། མགར་དབྱི་མོ་བ། སློབ་དཔོན་ཇོ་གདན། ཁམས་པ་ཤཱཀྱ་རྡོ་རྗེ། བླ་མ་ཆོས་གྲགས། དབུས་པ་སངས་རྒྱས་འབུམ། པུ་སྟོན་བསོད་དབང༌། བྱང་ཆུབ་གཞོན་ནུ། བྱང་སེང་བ། ས་བཟངས་འཕགས་པ། ཀུན་བཟང༌། དམར་སྟོན། རྗེ་བླ་མ། དེས་བདག་ལའོ། ༈ །།སློབ་དཔོན་རྡོ་རྗེ་མཚོན་