R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༤
[A:༣༦༤]ཆས་མཛད་པའི་གང་བློའི་བསྟོད་སྒྲུབ་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཨཱ་ཙརྻ་བཛྲ་ཡུ་དྡྷཿ པཎྜི་ཏ་འབུམ་ཕྲག་གསུམ་པ་དྷ་རི་ཕ་ལ། རྔོག་བློ་ལྡན་ཤེས་རབ། ཁྱུང་རིན་ཆེན་གྲགས། རྒྱ་དམར་བ་བྱང་ཆུབ་གྲགས། ཕྱྭ་པ་ཆོས་ཀྱི་སེང་གེ གཙང་ནག་པ་བརྩོན་འགྲུས་སེང་གེ དར་འབག་པ་དར་མ་བཀྲ་ཤིས་སྨྲ་བའི་སེང་གེ གཉལ་ཞིག་འཇམ་པའི་རྡོ་རྗེ། བཟད་རིངས་དར་མ་ཚུལ་ཁྲིམས། གྲ་ཐང་པ་བསོད་ནམས་རྒྱལ་བ། ཡང་རྩེ་བ་རིན་ཆེན་སེང་གེ བུ་རིན་པོ་ཆེ། རིན་རྣམ་པ། བཀྲ་ཤིས་རིན་ཆེན། ཀུན་དགའ་བཟང་པོ། དམར་སྟོན་པ། རྗེ་བླ་མ། དེས་བདག་གོ། །།འཇམ་དབྱངས་དཀར་པོ་ལྷ་ལྔ་མི་ཕམ་བཤེས་གཉེན་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། མཉྫུ་གྷོ་ཥཿ ཤཱནྟི་དེ་བཿ རཱ་ཛ་དེ་བ་པཱ་ལཿ ཨ་ཛི་ཏ་མི་ཏྲཿ ཨ་མོ་གྷ་བཛྲཿ ཤཱཀྱ་མི་ཏྲཿ སུ་རུ་ཥ་སིངྷཿ ཨཱ་དི་ཏ་མི་ཏྲཿ བྲ་ཏ་པཱ་ག་རཿ སིདྡྷི་ཤྭ་རཿ ཤྲཱི་བ་ན་རཏྣ་པཱ་དཿ སྭཱ་མི་པུཎྱ་དྷྭ་ཛཿ ཏཏྨ་མེ་ཀ། །།བསྲུང་བ་ལྔའི་བྱིན་བརླབས་བུ་སྒྲུབ་ཀྱི་ལུང་དང་བཅས་པ་ཞི་བ་འཚོའི་ལུགས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཞི་བ་འཚོ། ཏཻ་ལོ་པ། ནཱ་རོ་པ། མི་ཏྲ་ཛོ་གི བུདྡྷ་ཤྲཱིཿ ཆག་དགྲ་བཅོམ་དར་མ་ཤེས་རབ། ཤེས་རབ་དཔལ། ལེགས་ལྡན་འོད། དཔལ་ཆེན་བཟང་པོ། བླ་བྲང་པ་ཉི་མ་རྒྱལ་མཚན། བསོད་ནམས་དཔལ་འབྱོར། རྗེ་བླ་མ། དེས་བདག་ལའོ།། ༈ །།མཚན་བརྗོད་ལས་བྱུང་བ་བྲམ་ཟེ་སྡོམ་པ་བཟང་པོའི་ལུགས་འཇམ་དཔལ་ཟབ་པ་ལྷ་ཉི་ཤུ་རྩ་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། བཛྲ་གརྦྷ། ཙནྡྲ་པ། ལཱུ་ཧི་པ། མེ་གྷོ་པ། བ་ར་བྷ་དྲ། འབྲོ་ལོ་ཙཱ་བ། བླ་མ་ཡེས་རྡོར། མཚོ་སྨན་ཀླུ་དགའ། ཀླུ་སྐྱབས། སྲས་གྲགས་པ། རྟོག་མི་འགྱུར། དཀོན་