R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༥
[A:༣༦༥]མཆོག་རྒྱལ་པོ། ལ་གོ་ལྷ་རྒྱལ། ཁྲི་སྟོན་ཀུན་འོད། བྱང་ཆུབ་གླིང་པ་ནམ་རྡོར། འཇམ་དབྱངས་མགོན་པོ། ལོ་མཆོག བག་སྟོན། ཐོག་སྟོན་ཤེས་རྡོར། ཡང་བླ་མ་ནམ་རྡོར་ནས། བདེ་གཤེགས་ཀུན་སྐྱོབ། ལོ་མཆོག གློ་ཆེན། ཡེས་མགོན། སེང་རྒྱལ། ཤེས་རྡོར་བ། ཆོས་དཔལ་བ། ཆོས་རྗེ་གྲགས་འབྱུང་བ། དམར་སྟོན། རྗེ་བླ་མ། དེས་བདག་གོ །ཉེར་གཅིག་མའི་དབང་ཡང་འདིས་ཆོག་པར་བཞེད་དོ།། །།འདིའི་ལུས་དཀྱིལ་ལྷ་ལྔའི་དབང་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། འཇིག་རྟེན་དབང་ཕྱུག ཕྱག་རྡོར་བཞི་ལ་ཙནྟྲ་པས་བསན། དེ་ནས་ལཱུ་ཧི་པ། མེ་གྷོ་པ། བ་ར་བྷ་དྲ། འབྲོ་ལོ་ཆོས་ཀྱི་བརྩོན་འགྲུས་ཟླ་བ། གཉལ་སྡེ་ཡེས་རྡོར། སྲས་ཐུགས་རྗེ། སྟོན་སེང༌། བསོད་འབུམ། རྒྱལ་བ་བཀྲ་ཤིས། དབོན་ཆུང་བ། སྐྱེ་མེད་རྡོ་རྗེ། འཕར་ཚང་བ་བསོད་ནམས། ཤེས་རྡོར་བ། ཆོས་དཔལ་བ། ཆོས་རྗེ་གྲགས་འབྱུང་བ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།སྨེ་གཙེགས་ལྗང་ཁུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎིཿ ཇོ་བོ་གུང་ཐང་པ། ཕྱག་སོར་བ། བྱ་འདུལ། ཆོས་དབང༌། ཆོས་བྱང༌། ཆོས་ཤེ། མཆོག་ལྡན་པ། མཉམ་མེད་གྲགས་རྒྱལ་བ། བླ་མ་ཤཱཀྱ་བ། ས་བཟངས་པ་གཞོན་བློ། ཀུན་བཟང༌། དམར་སྟོན། རྗེ་བླ་མ། དེས་བདག་ལའོ།། །།དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་ལུང་སྤྱིར་ཐོབ་ཟིན་ཡང༌། བརྒྱུད་པའི་ཆེད་དུ་སླར་ཞུས་པ་ནི། ཆག་ཆོས་རྗེ་དཔལ་ལ་པཎ་ཆེན་ལུགས་དང༌། ས་ཆག་གནུར་གསུམ་སྟེ་བཀའ་བབས་བཞི་བྱུང་བའི། པཎ་ཆེན་ལུགས་ཀྱི་བརྒྱུད་རིམ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བློ་གྲོས་སྐྱོང༌། ཀུན་དགའ་སྙིང་པོ། ཤེས་རབ་སྐྱོངས། ཤེས་རབ་