R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༦
[A:༣༦༦]མཚོ། དཔལ་ལྡན་ཆོས་སྐྱོང༌། ཨ་ནུ་པ་མ་རཀྵི་ཏ། ཚོང་དཔོན་གྱི་བུ་དཔལ་འཛིན། འོད་མཛད་ལྷ། རྣམ་པར་གྲགས་པའི་ལྷ། ནིསྐ་ལངྐ་དེ་བ། རེ་ཝེནྡྲ། ཆག་ཆོས་རྗེ་དཔལ་ལོ། །ས་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སུ་བྷུ་ཏི་པཱ་ལི་ཏ། སློབ་དཔོན་ཀུན་སྙིང༌། དགེ་མཚན་བཤེས་གཉེན། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཇོ་བོ་ཤྲཱདྡྷ་ཀ་ར་ཝརྨཿ ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེངས་པ་ཡོན་ཏན་ཚུལ་ཁྲིམས། མལ་གྱོ་བློ་གྲོས་གྲགས་པ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཆག་ལོ་ཙཱ་བའོ། །ཡང་ཨ་ནུ་པ་མ་རཀྵི་ཏ་ཡན་ཆད་འདྲ་བ་ལ། གསེར་གླིང་པ་ཆོས་གྲགས། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ལོ་ཆེན་མན་སྔར་བཞིན་ནོ། །ཡང་གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། ཐང་སྟོན་ཅོ་རིག འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན་ནས་སྔར་བཞིན་ནོ། །ཆག་ལུགས་ཀྱི་བརྒྱུད་པ་ནི། ནིསྐ་ལངྐ་ཡན་ཆད་སྔར་བཞིན་ལ། ཆག་དགྲ་བཅོམ། ཆག་ཆོས་རྗེ་དཔལ་ལོ། །གནུར་ལུགས་ཀྱི་རྒྱུད་པ་ནི། ཨ་ནུ་པ་མ་རཀྵི་ཏ་ཡན་གོང་བཞིན་ལ། དེ་ནས་ཇོ་བོ་གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་ཨ་ཏི་ཤ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། གནུར་ཉི་མ་སེང་གེ སྒོ་སོ་ཐང་པ། སྨེག་ཆེན་པོ། གཉལ་སྟོན་རྡོ་རྗེ་རྒྱལ་པོ། ཡོལ་སྟོན་པད་མ་རྒྱལ་མཚན། ཆག་ལོ། ཡང་ན། གནུར་ཉི་མ་ལ་སྙག་དབང་རྒྱལ། རྗེ་བཙུན་གྲགས་པ་རྒྱལ་མཚན། རྗེ་ས་པཎ། ཆག་ལོ། དེ་ལྟར་ཆག་ལོས་སོ་སོར་བསན་ནས། དེ་ལ་བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་ཤཱཀྱ་དཔལ། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ། བློ་བཟངས་དཔལ་འབྱོར། རྟེའུ་ར་པ་ཆག་རིན་ཆེན་ཆོས་རྒྱལ། རྗེ་བླ་མ། དེས་བདག་ལ་གནང་བའོ། །ཡང་ཆག་ལོ། སྐྲགས་ཕུག་པ་ཤེས་