R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༧
[A:༣༦༧]རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། དཔལ་ཆེན་བཟང་པོ་ནས་གོང་བཞིན་ནོ།། ༈ །།ཡང༌། ཐང་པོ་ཆེ་པ་ནས་བརྒྱུད་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་བཀའ་ཆག་ལུགས་སུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་རིག་རྩ་བའི་དཀྱིལ་འཁོར་སྒོ་བརྐྱང་རྩ་བའི་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པ། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་ལྷ་བཅུ་བདུན། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ། འཁོར་ལོ་བསྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་ཞེ་བརྒྱད་འཇིག་རྟེན་འཁོར་ཡུག་དང་བཅས་པ། མེ་ལྟར་འབར་འཕྲིན་ལས་ཀྱི་དཀྱིལ་འཁོར་ལྷ་བཅུ་བདུན་པ་སྟེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་དང༌། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལས་ཕྱག་ན་རྡོ་རྗེ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམས་སུ་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། བློ་གྲོས་སྐྱོང༌། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཤེས་རབ་མཚོ། དཔལ་ལྡན་ཆོས་སྐྱོང༌། བླ་ན་མེད་པའི་མཚོ། དཔལ་འཛིན་འོད་བྱེད་ལྷ། རྣམ་པར་གྲགས་པའི་ལྷ། རྙོག་པ་མེད་པའི་ལྷ། ཆག་དགྲ་བཅོམ། ཆག་ཆོས་རྗེ་དཔལ། དེ་གཉིས་ཀ་ལ་ཆག་ཉི་མ་རྗེ་དཔལ་དང་ཉི་མ་གཉིས་ཀ་ལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། དེ་ལ་གཞོན་ནུ་རྒྱལ་མཚན། དེ་ལ་བློ་གྲོས་དཔལ་དང༌། ཤཱཀྱ་དཔལ་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་བླ་བྲང་པ་བཟང་པོ་དཔལ། དེ་ནས་ཉི་མ་རྒྱལ་མཚན་བསོད་ནམས་དཔལ་འབྱོར། རྗེ་བླ་མ། དེས་བདག་ལའོ། །མེ་ལྟར་འབར་བ་ལྷ་ཆེན་བརྒྱད་ཀྱི་བསྐོར་བའི་དཀྱིལ་འཁོར། མེ་ལྟར་འབར་བ་གཟའ་ཆེན་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཞི་བ་ལ་ཕྱོགས་སྐྱོང་བཅུ་སྒོ་བ་དང་བཅས་པས་བསྐོར་བའི་དཀྱིལ་