R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༨
[A:༣༦༨]འཁོར་མེ་ལྟར་འབར་བ་ལ་འཇིགས་བྱེད་དགུ་ཆུང་མ་དང་བཅས་ཤིང་སྒོ་བ་བཞིས་བསྐོར་བའི་དཀྱིལ་འཁོར་པ་ཕྱག་ན་རྡོ་རྗེ་ཞི་བ་ལ་རྒྱལ་ཆེན་བཞི་སྒོ་བ་བཞི་དང་བཅས་པས་བསྐོར་བའི་དཀྱིལ་འཁོར་རྣམས་སུ་དབང་ཐོབ་པའི་བརྒྱུད་པ་ནི། རྙོག་པ་མེད་པ་ཡན་ཆད་སྔར་དང་འདྲ་བ་ལ། དེ་ནས་ཉི་མའི་དབང་པོ་འོད་ཟེར། ཆག་ཆོས་རྗེ་དཔལ། ཤེས་རབ་དཔལ། ལེགས་ལྡན་འོད། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ། བློ་བཟང་དཔལ་འབྱོར། བསོད་ནམས་དཔལ་འབྱོར། རྗེ་བླ་མ། བདག་གོ །ཡང་ཆག་ལོ་ལ། གཙང་པ་དབང་ཕྱུག་ཤེས་རབ། བསྟན་འཛིན་དཔལ་བཟང་པོ། ཟུར་ཁང་པ་བཀྲ་ཤིས་དཔལ། དཔལ་ཆེན་བཟང་པོ་ནས་འདྲའོ། །ཡང་ཆག་ལོ་ལ། གཞོན་ནུ་རྒྱལ་མཚན། ཤཱཀྱ་དཔལ་བཟང་པོ། དཔལ་ཆེན་ནས་འདྲ། ཡང་ན། བླ་མེད་ཚོ་ལ། གསེར་གླིང་པ་ཆོས་གྲགས། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། གནུར་ཉི་མ་སེང་གེ སྒོ་པོ་ཐང་པ། སྨེག་ཆེན་པོ། གཉལ་སྟོན་རྡོ་རྗེ་རྒྱལ་པོ། ཡོལ་སྟོན་པད་མ་རྒྱལ་མཚན། ཡོལ་ལྕགས་པ། ཆག་ལོ་ནས་སྔར་བཞིན་ནོ། །ལས་ཀྱི་སྒྲིབ་པ་སྦྱོང་བའི་གཟུངས་ལ་བརྟེན་པའི་མི་འཁྲུག་པ་ཁ་ཆེ་ལུགས་རིགས་ལྔ་ཡུམ་བཞི། བཀྲ་ཤིས་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པ་ལྷ་ཉི་ཤུ་རྩ་གཅིག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི་སངས་རྒྱས། ཀསྨི་ར་ཛྙཱ་ན་བཛྲཿ ལོ་ཆུང་གྲགས་མཆོག་ཤེས་རབ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ནུབ་པ་རིག་འཛིན་གྲགས། བོ་དོང་ར་ལུང་པ། ལོང་བུ་བ་ཆེན་པོ། ནམ་མཁའ་བསོད་ནམས། ནུབ་གོག་པ། དགེ་བཤེས་དར་གཞོན། སྟོན་པ་དོན་ཡོད། སློབ་དཔོན་རིན་རྒྱལ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་