R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༩
[A:༣༦༩]ཆོས་རྗེ། ཤེས་རྡོར་བ། ཆོས་དཔལ་བ། བསོད་དར་བ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །ཡང་མི་འཁྲུག་པ་རིགས་ལྔ་ཡུམ་བཞི་སྒོ་བ་བཞི་དང་བཅས་པ་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཀསྨི་ཛྙཱ་ན་བཛྲཿ ལོ་ཆུང་གྲགས་མཆོག་ཤེས་རབ། རྗེ་ས་ཆེན། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དུས་འཁོར་བ་ཡེས་རིན། བདེ་བ་ཅན་པ། བླ་མ་སེང་རྒྱལ། ཤེས་རྡོར་བ་ནས་གོང་བཞིན་ནོ། །ཡང་མི་འཁྲུག་པ་ཇོ་བོ་ལུགས་གཙོ་བོ་ལ་བཀྲ་ཤིས་ལྷ་མོ་བརྒྱད་སྒོ་བ་བཞིས་བསྐོར་བའི་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མཉྫུ་གྷོ་ཥཿ བུདྡྷ་ཤནྟིཾ། བུདྡྷ་གུ་ཧྱ། མ་ཧཱ་ཀུ་ས་ལི། ཨལྤ་ཀུ་ས་ལི། དཱི་པངྐ་ར་ཤྲཱི་ཛྙཱ་ན། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། རྔོག་སྟོན་ལཱུཾ་བུ་བ། པུག་སྟོན། ཀུན་མཁྱེན་དྷརྨ་ཀེ་ཏུ། བྱ་སྟོན་རིན་ཆེན་འོད། གློ་ཆེན་པ། བག་སྟོན་གཞོན་ཚུལ། ཚུལ་རྒྱལ་བ། བསོད་རིན་པ། ཡང་ཨཱ་དཱི་ཤ་ནས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྣལ་འབྱོར་པ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། སྤེན་ཕུག་པ། ལྷོ་ཟུག་པ། དབུ་མ་པ། ས་སྡེ་དབོན་སྟོན། བྱ་བྲལ་བ་བསོད་རིན། དེ་ནས་བླ་མ་ཆོས་གྲགས་པ། མཁན་ཆེན་རིན་རྒྱལ་བ། རྒྱལ་ཕྱག་པ། དམར་སྟོན། དེ་གཉིས་ཀ་ལ་རྗེ་བླ་མ། དེས་བདག་ལའོ།། །།ཡང་མི་འཁྲུག་པ་གཙོ་བོ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། མཉྫུ་གྷོ་ཥཿ ཛྙཱ་ན་གརྦྷཿ ཛྙཱ་ན་ཤཱནྟིཾཿ བུདྡྷ་ཤནྟི། བུདྡྷ་གུ་ཧྱ། ཀུ་པ་ལ་ཆེ་ཆུང༌། སུ་ཝརྞ་དྲི་པ་དྷརྨ་ཀིརྟི། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉག་ལྡུམ་བུ་བ། སྤྲུག་ཐམས་ཅད་མཁྱེན་པ། ཆོས་ཀྱི་