R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༠
[A:༣༧༠]ཏོག བྱ་རིན་ཆེན་འོད། གློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ། བླ་མ་སེང་རྒྱལ་བ། ཤེས་རྡོར་བ། ཆོས་དཔལ་བ། བསོད་དར་བ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།མཁན་པོ་བོདྡྷི་སཏྭས་མཛད་
པོ་སྟི་བཏུ་བའི་༢༢༥ནས
། པའི་མཆོད་རྟེན་བརྒྱ་ལ་སོགས་པའི་ཆོ་ག་ལ་བརྟེན་པའི་རྗེས་གནང་བླ་མ་ཤཱཀྱ་དཔལ་བས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། འཇམ་དབྱངས། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། སད་ན་ལེགས། གཙང་མ་འོད་བསྲུངས། དཔལ་འཁོར་བཙན། ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། བྱང་ཆུབ་འོད། ཞི་བ་འོད། འོད་ལྡེ། བརྩེ་ལྡེ། མངའ་རིས་དགྲ་བཅོམ། ཞུ་ལྡན་པ། ར་ས་ཆུ་ལྷད་པ། གྲོ་མོ་ཆེ་པ། སངས་རྒྱས་སྒོམ་པ། མཁན་ཆེན་མཆིམས་པ། ནམ་མཁའ་གྲགས། སློབ་དཔོན་ཚད་མ་བ། བུ་སྟོན་ལོ་རིན་པ། ཤཱཀྱ་དཔལ། བྱང་བཟང་པ། འགྲོ་བཟང་པ། རྗེ་བླ་མ། དེས་བདག་ལའོ།། །།ཕྱག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོར་དབང་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། ཨ་ཤོ་ཀ་ཤྲཱིཿ རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་དོན་ཡེ། མཆིམས་ཆོས་རྒྱལ། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་བསོད་ནམས་འཕེལ། ལོ་ཙཱ་མཆོག་ལྡན། བླ་མ་དཔལ་ལྡན་པ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞབས། ལོ་ཆེན་བྱང་རྩེ། ལོ་ཙཱ་བ་གྲགས་རྒྱལ། བོ་དོང་ཕྱོགས་རྒྱལ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་རྒྱལ། ལོ་ཆེན་བསོད་ནམས་རྒྱ་མཚོ།
ཞྭ་དམར།
སྤྲུལ་སྐུ་ཡེ་ཤེས་དཔལ་བཟང༌། རྗེ་བླ་མ། དེས་བདག་