R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༡
[A:༣༧༡]ལའོ།། ༈ །།ཛེ་ཏཱ་རིའི་ལུགས་ཀྱི་བསྲུང་བ་ལྔའི་རིག་གཏད་གཟའ་དགུའི་མཆོད་ཆོག་མཆོད་སྦྱིན་དང་བཅས་པའི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། བྷ་ག་ཝ་ཏཱི་མ་ཧཱ་པྲ་ཏི་སཱ་ར། གརྦྷ་པཱ་དཿ ཛེ་ཏ་རིཿ བོདྡྷི་བྷ་དྲཿ ཛི་ན་ཤྲཱིཿ རཏྣ་ཙནྟྲཿ དྷརྨ་རཀྵི་ཏཿ ཤཱཀྱ་བྷ་དྲཿ ཤཱི་ལ་ཝཾ་ཤཿ རྣལ་འབྱོར་པ་ལ། ཤྲཱི་སེ་ནཿ ས་མནྟ་བྷ་དྲཿ ཀཱིརྟི་དྷྭ་ཛཿ རཏྣ་མ་ཏིཿ ཀུ་མཱ་ར་ཀ་ལྱ་ཎཿ ཧངྒཱ་ཙརྻཿ ཤྲཱི་བ་ན་རཏྣ་པཱ་དཿ སྭ་མི་པུཎྱ་དྷྭ་ཛ། ཏཏྨཱ། ༈
དཔའ་བོ་ཆིག་སྒྲུབ་ལས་གསུངས་པ།
ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་བ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། དངོས་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་པོ་སེང་བཟང༌། བླ་མ་སེང་རྒྱལ། རིན་པོ་ཆེ་བསོད་དར། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།བྱ་བའི་བརྒྱུད་འོད་ཟེར་ཅན་གྱི་རྟོག་པ་ལས་གསུངས་པའི་འཕགས་མ་ལྷ་མོ་ཉི་ཤུ་རྩ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཀླུ་སྒྲུབ། དཱ་ན་ཤྲཱིཿ མཉྫུ་ཤྲཱིཿ མལ་ལོ། རྗེ་ས་པཎ། རྗེ་བཙུན་ཆེན་པོ། མཆིམས་ཆོས་སེང༌། འཇམ་གསར་ཤེས་རབ་འོད་ཟེར། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། ཤངས་པ་བྱ་བྲལ་བ། བླ་མ་ཆོས་གྲགས་པ། མཁན་ཆེན་བྱང་བཟང་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ་ལྔ་གཙོ་བོ་དཀར་པོ་བཞེངས་སྐུ་ཕྱག་བརྒྱད་པ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་རིག་གཏད་ཀྱི་བརྒྱུད་པ་ནི། མགོན་པོ་སྤྱན་རས་གཟིགས། པཎ་ཆེན་ཤཱཀྱ་ཤྲཱིཿ བི་བྷུ་ཏི་ཙནྟྲ། གློ་བོ་ལོ་ཙཱ་བ་ཤེས་