R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༢
[A:༣༧༢]རབ་རིན་ཆེན། ལོ་ཙཱ་བ་མཆོག་ལྡན། དཔང་ལོ་བློ་གྲོས་བརྟན་པ། སློབ་དཔོན་ཐུབ་མགོན། རིན་པོ་ཆེ་བསོད་གྲགས་པ། མཁན་ཆེན་བསོད་བཟངས་པ། མཁན་ཆེན་གཞོན་ནུ་མགོན་པོ། སློབ་དཔོན་བསོད་ནམས་དཔལ། མཁན་ཆེན་རྣམ་རྒྱལ་བ། བླ་མ་ཆོས་གྲགས་པ། མཁན་ཆེན་བྱང་བཟངས་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་གི་བརྒྱུད་པ་ནི། སྤྱན་རས་གཟིགས། སེང་ལྡན་ནགས་སྒྲོལ། ཙནྟྲ་གོ་མི། ནིསྐ་ལངྐ༌། རྡོ་རྗེ་གདན་པ། དཔྱལ་ཆོས་བཟང༌། ཁྱུང་སྟོན་མཁས་བཙུན། རི་ཁྲོད་དབང་ཕྱུག རྩ་རི་རྒྱལ་མཚན། ཆོས་བཟང་པ། དངོས་གྲུབ་དཔལ། ཆོས་བཟང་པ། རིན་རྒྱལ་བ། རྒྱལ་ཕྱག་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།སེང་གེ་སྒྲའི་གདོན་འགྲོལ་ནི། བླ་མ་བྱང་བཟང་པ་ལ་གསན། དེས་མཁན་པོ་ནམ་ཚུལ་ལ། དེ་ཡན་འདྲི་དགོས། ༈ སྤྱན་རས་གཟིགས་ཁ་སརྤ་ཎི་ལྷ་ལྔའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། ཤ་བ་རི། པདྨ་ཀ་ར། ཨ་ནུ་པ་མ་རཀྵི་ཏཿ ཤྲཱི་དྷ་རཱ་ནནྡཿ བྷསྐ་ར་དེ་ཝཿ ར་ཝི་ཤྲཱིཿ རཏྣ་རཀྵི་ཏཿ ན་རེནྟྲ་བུདྡྷིཿ དཀིཔྲ་ཏི་མོཀྵཿ ཤཱཀྱ་རཀྵི་ཏཿ པུ་ཛཱ་ཏཿ བུདྡྷ་གྷོ་ཥཿ ཤྲཱི་བ་ན་རཏྣཿ སྭ་མི་གུ་རུ་པཱ་དཿ དེས་བདག་ལའོ།། ༈ །།བཅུ་གཅིག་པ་ཞལ་མཁའ་འགྲོ་ལྔ་དང་བཅས་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། བིཀྵུ་ཎི་ལཀྵི་མཱ་ཀ་རཱ། ཙནྟྲ་ཀུ་མཱ་རཿ པུ་ཛྙཱ་ན། བལ་པོ་པེ་ཉ་བ། བྱང་སེམས་ཟླ་རྒྱལ། ཉིང་ཕུག་པ། པུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། འཇད་པ་རྩི་འདུལ་ཆེན་པོ། མཁན་ཆེན་ལྡོག་ལྷོད་པ། མཁན་ཆེན་ཆུ་བཟང་པ། གཉག་ཆེན་པ་བསོད་ནམས་དབང་ཕྱུག་མགོན་པོ། རིན་པོ་ཆེ་བསོད་ནམས་བཟང་པོ། ཡང་ན་ཆུ་བཟང་པ་ནས་ཤེས་རབ་