[A:༣༧༣]འབུམ། རྒྱལ་སྲས་ཐོགས་མེད་པ། རིན་པོ་ཆེ་བསོད་བཟང༌། བསོད་དར་བ། དམར་སྟོན། རྗེ་བླ་མ། དེས་བདག་ལའོ།། ༈ །།ཡང་སློབ་དཔོན་ཆེན་པོ་དཱརྤན་ཨཱ་ཙརྻས་མཛད་པའི་བྱ་བ་ཀུན་ལས་བཏུས་པ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་ལ་དགོས་པའི་ཆོ་ག་ཇི་སྙེད་ཅིག་ཕྱོགས་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་ཆེན་པོ་སྤྱིའི་ཆོ་གའི་དབང་ཐོབ་པའི་དཀྱིལ་འཁོར་གྱི་རིམ་པ་ནི། འདུས་པ་ལས་གསུང་པ་འཇམ་དཔའི་རྡོ་རྗེ་ལྷ་བཅུ་དགུ། མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། སམྤུ་ཊ་ལས་གསུང་པ་རྡོ་རྗེ་སེམས་དཔའ་ལྷ་སོ་བདུན། གདན་བཞི་ལས་གསུང་པ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། སམྤུ་ཊ་ལས་གསུང་པ་ཀྱེ་རྡོར་མཚོན་ཆ་ཅན་ལྷ་བཅུ་བདུན། དེའི་སྐུ་རྡོ་རྗེ་ལྷ་བཅུ་བདུན། གསུང་རྡོ་རྗེ་ལྷ་བཅུ་བདུན། ཐུགས་རྡོ་རྗེ་ལྷ་བཅུ་བདུན། ཡང་དེ་ཉིད་ལས་གསུང་པ་བདག་མེད་མ་ལྷ་ཉེར་གསུམ། བརྟག་གཉིས་ལས་གསུང་པ་བདག་མེད་མ་ལྷ་བཅོ་ལྔ། དེ་ཉིད་དང་གུར་ལས་གསུང་པ་ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔ། རྡོ་རྗེ་བདུད་རྩི་ལས་གསུང་པ་རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག ཧཱུྃ་མཛད་བདུད་རྩི་ལྷ་ཉེར་དགུ། འཁྱིལ་པ་བདུད་རྩི་ལྷ་ཉེར་གཅིག ཧེ་རུ་ཀ་བདུད་རྩི་ལྷ་ཉེར་གསུམ། བརྟག་གཉིས་ལས་གསུང་པ་ཀྱེ་རྡོར་ཐོད་པ་ཅན་ལྷ་དགུ། དེའི་སྐུ་རྡོ་རྗེ་ལྷ་དགུ། གསུང་རྡོ་རྗེ་ལྷ་དགུ། ཐུགས་རྡོ་རྗེ་ལྷ་དགུ། སྒྱུ་མ་ཆེན་མོའི་རྒྱུད་ལས་གསུང་པ་ཧེ་རུ་ཀ་ལྷ་ལྔ། སངས་རྒྱས་ཐོད་པའི་རྒྱུད་ལས་གསུང་པ་ཧེ་རུ་ཀ་ལྷ་དགུ། མངོན་བརྗོད་བླ་མ་ལས་གསུང་པ་རྡོ་རྗེ་ཧཱུྃ་མཛད་ལྷ་བཅུ་གཅིག་མ། ཧཱུྃ་མཛད་འཇམ་རྡོར་གྱི་ཁྲོ་བཅུས་བསྐོར་བ་ལྷ་བཅུ་གཅིག ཧཱུྃ་མཛད་མི་བསྐྱོད་པའི་ཁྲོ་བཅུས་བསྐོར་བ་ལྷ་བཅུ་གཅིག ཧཱུྃ་མཛད་རྡོར་སེམས་ཀྱི་ཁྲོ་བཅུས་བསྐོར་བ་ལྷ་བཅུ་གཅིག བདེ་མཆོག་རྩ་བརྒྱུད་ལས་གསུང་པ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས། མངོན་བརྗོད་ལས་གསུང་པ་ལྷ་དྲུག་ཅུ་རྩ་གཉིས། ཡང་དེ་ཉིད་ལས་གསུང་པ་སྐུ་