R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༤
[A:༣༧༤]མདོག་སེར་པོ་ལྷ་དྲུག་ཅུ་རྩ་གཉིས། མངོན་བརྗོད་ལས་གསུང་པ་ཕག་མོ་ལྷ་སོ་བདུན། དེ་ཉིད་ལས་གསུང་པ་ཕག་མོ་སྔོན་མོ་ལྷ་སོ་བདུན། ཡང་དེ་ཉིད་ལས་གསུང་པའི་ཕག་མོ་སེར་མོ་ལྷ་སོ་བདུན། སངས་རྒྱས་ཐོད་པའི་རྒྱུད་ལས་གསུང་པའི་ཧེ་རུ་ཀ་ལྷ་ཉི་ཤུ་རྩ་ལྔ། གདན་གཞི་ལས་གསུང་པ་རྣལ་འབྱོར་ནམ་མཁའ་ལྷ་ལྔ་བཅུ་རྩ་བདུན། གཤིན་རྗེ་གཤེད་ནག་པོའི་རྩ་རྒྱུད་ལས་གསུང་པ་གཤིན་རྗེ་དགྲ་ནག་ལྷ་བཅུ་གསུམ། གུར་ལས་གསུང་པ་སྒྲོལ་མ་ལྷ་ཉེར་གཅིག འོད་ཟེར་ཅན་གྱི་རྟོག་པ་ལས་གསུང་པ་འོད་ཟེར་ཅན་ལྷ་ཉེར་ལྔ། གཟུངས་གྲྭ་ལྔ་ལས་གསུང་པ་བསྲུང་བ་ལྔ་ལྷ་བཅུ་གསུམ། དེ་ཉིད་བསྡུས་པ་ལས་གསུང་པ་རྡོར་དབྱིངས་ལྷ་ང་གསུམ། རྣམ་སྣང་སྒྱུ་དྲྭ་ལ་གསུངས་པ། འཇམ་རྡོར་ལྷ་ཞེ་གསུམ་དང་མཚན་བརྗོད་ལས་གསུང་པའི་ཆོས་དབྱིངས་གསུང་དབང་ལྷ་ཉི་བརྒྱ་དང་བཅུ་གསུམ། སྦྱོང་རྒྱུད་ནས་གསུང་བ་ཤཱཀྱ་སེང་གེ་ལྷ་ང་གསུམ། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་གསུང་པ་ཕྱག་ན་རྡོ་རྗེ་ལྷ་སོ་གསུམ། གུར་ལས་གསུང་པ་མཁའ་འགྲོ་ལྔའི་དཀྱིལ་འཁོར་ལྷ་ལྔ་བཅུ་རྩ་བརྒྱད། མངོན་བརྗོད་ལས་གསུང་པ་འཁོར་ལོ་སྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས། དང་པོའི་སངས་རྒྱས་ལས་གསུང་པ་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་དང་སུམ་ཅུ་རྩ་དྲུག བར་ཆད་ཞི་བར་བྱེད་པ་གཟའ་ཡུམ་ལྷ་ཉེར་གཅིག ནོར་སྤེལ་བར་བྱེད་པ་ནོར་རྒྱུན་མ་ལྷ་ཉེར་གཅིག ཚེ་བསྲིང་བར་བྱེད་པ་རྣམ་རྒྱལ་ལྷ་སུམ་ཅུ་རྩ་གསུམ་མ་སྟེ། དེ་རྣམས་རྒྱུད་སྡེ་སོ་སོ་བའི་ལུགས་ཀྱི་དབང་དུས་རེར་བཞི་སྦྲག་དམར་བསྐུར་བའི་ལུགས་བཞིན་ཐོབ་པའི་བརྒྱུད་པ་ནི།
བཞི་བཅུ་རྩ་བརྒྱད་ཀྱི་དབང༌
། རྡོ་རྗེ་འཆང༌། ཌཱ་ཀི་ནཱི། དརྤན་ཨཱ་ཙརྻཿ ས་མནྟ་བྷ་དྲཿ ཛྙཱ་ན་ཛྱོ་ཏིཿ ཤྲཱི་ཧ་ནུ་མནྟཿ ཤྲཱི་མཉྫུ་བྷ་དྲཿ ཤྲཱི་བྷ་དྲཿ དྷརྨྨ་ཛྱོ་ཏི་བྷ་དྲཿ མ་ན་ཛཱི་ཝ་བྷ་དྲཿ ཤ་ཏཾ་ཤྲཱི་བྷ་དྲཿ ཤྲཱི་བི་ཛ་ཡ་བྷ་དྲཿ ཤྲཱི་མ་ཏ་ན་བྷ་དྲཿ ཤྲཱི་ལཀྵྨི་བྷ་དྲཿ ག་ག་ན་བྷ་དྲཿ ཨུ་ད་ཡ་ཛི་ཝ་བྷ་དྲཿ