[A:༣༧༥]ཤྲཱི་ཧརྵ་བྷ་དྲཿ ཨཱ་བྷ་ག་བྷ་དྲཿ ཡེ་རང་པཎྜི་ཏ་ཛ་ག་ཏ་ཨཱ་ནནྟ་ཛཱ་ཝ་བྷ་དྲཿ དེའི་སྲས་པཎྜི་ཏ་མ་ཧཱ་བོདྡྷི། ས་བཟངས་འཕགས་པ་གཞོན་ནུ་བློ་གྲོས། ཀུན་དགའ་བཟང་པོ། དམར་སྟོན་པ། རྗེ་བཙུན་དམ་པ་བསོད་ནམས་རྒྱལ་མཚན་ཞབས། དེས་བདག་ལའོ། །གཞུང་འདིའི་རྒྱ་དཔེ་བལ་པོའི་ཚོང་པའི་ལག་ནས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པའི་ཕྱག་ཏུ་བྱུང༌། དེའི་རྗེས་སུ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་བདག་རྐྱེན་མཛད་ནས། བི་ཀ་མ་ལ་ཤི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་ས་བཟངས་པ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་ནའང༌། བཀའ་མེད་པ་ལ། མངའ་རིས་པ་རྡོ་རྗེ་དཔལ་གྱིས་ཡེ་རང་དུ་ཀྲི་ཡ་ས་མུཙྪའི་དབང་ཞུས་པའི་གཏམ་ཐོས་ནས། འཕགས་པ་གཞོན་ནུ་བློ་གྲོས་དཔོན་སློབ་ཀྱིས་བལ་ཡུལ་ཡེ་རང་དུ་བྱོན། པཎྜི་ཏ་མ་ཧཱ་བོདྡྷི་ལ་དབང་ལུང་ཡོངས་སུ་རྫོགས་པ་གསན་ནས། དེ་ལས་རྒྱུད་ནས་དར་ཞིང་རྒྱས་ཞེས་གྲག་གོ །འདི་པ་རྣམས་ཀྱི་ལུགས་ལ། བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་པོ་ཐུན་མོང་མ་ཡིན་པ་དང༌། གཞན་རྣམས་འཕྲེང་བ་དང་དཀྱིལ་འཁོར་དང་ཆོ་ག་ཕལ་ཆེར་ཐུན་མོང་བ་ཡིན་པའི་ཕྱིར། བླ་མ་དེས་འཕྲེང་བ་ཡང་གསན་ན་དབང་རྒྱུན་གཅིག་གིས་གཉིས་ཀ་ཐོབ་པར་བཞེད་པས་ན། ས་བཟངས་པ་ནས་བརྒྱུད་པའི་འཕྲེང་བའི་དབང་ཡང་འདི་ཁས་ཐོབ་པར་བཞེད་དེ། དེ་ལྟར་ན། བདག་ཅག་གི་བླ་མ་འདིས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་དཀྱིལ་འཁོར་ཐམས་ཅད་བླ་མེད་དུ་བཀྲལ་བ་བཞི་བཅུ་ཞེ་ལྔར། ནུབ་དང་པོ་འཇམ་རྡོར་གྱི་སྐབས་སུ་སའི་ཆོ་ག་ཡན་ཆད་འཕྲེང་བ་ནས་ཇི་ལྟར་འབྱུང་བ་བཞིན་རྒྱས་པར་མཛད་ལ། ནུབ་གཉིས་པ་ནས་དཀྱིལ་འཁོར་རེ་རེ་ཞིང་བདག་བསྐྱེད་རྫོགས་ཕྲེང་བཞིན་དང༌། ས་ལྷ་སྟ་གོན་མན་སློབ་མ་སྟ་གོན་དང་བཅས་པ་དང༌། དཀྱིལ་འཁོར་བྲིས་སྒྲུབ་སོགས་ཆོ་ག་རྫོགས་པར་མཛད་