R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༦
[A:༣༧༦]ནས། ཞག་རེ་ལ་དཀྱིལ་འཁོར་རེ་རེར་འཇུག་ཅིང་དབང་བཞི་རྫོགས་པར་གསན་པ་མཛད་འདུག་ཅིང༌། ཕྱིས་ཀྱང་འཇམ་རྡོར་རྡུལ་ཚོན་དང༌། གཞན་རྣམས་རས་བྲིས་ལ་རྟེན་ནས། དཀྱིལ་འཁོར་ཐམས་ཅད་དུ་སོ་སོར་བཅུག་ནས་དབང་གཅིག་ཏུ་བསྐུར་ཏེ། རྒྱས་བསྡུས་ཚར་གཉིས་གསན་པར་གནང་འདུག་པ་དེས་ན། པཎ་ཆེན་རིན་པོ་ཆེ་ལས་རྒྱུད་པའི་ཕྲེང་བ་ཐོབ་པའི་བརྒྱུད་པ་ནི། བཛྲ་དྷ་ར། བཛྲ་ཡོ་གི་ནཱི། ཨ་བྷྱ་ཀ་ར་གུཔྟ། ནཱ་ཡ་ཀ་པཱ་ད། ད་ཤ་ཕ་ལ་ཤྲཱི། བི་ཁྱ་ཏ་དེ་བ། ཤྲཱི་བྷ་ཏྲཱ། ལ་ལི་ཏ་བཛྲ། དྷརྨྨ་གུཔྟ། རཏྣ་ཀ་ར། པདྨ་བཛྲ། རཏྣ་ཀིརྟི། བུདྡྷ་གྷོ་ཥ། མ་ཧཱ་སྠཱ་བི་ར་སིདྡྷི་ཤྭ་ར་ཤྲཱི་བ་ན་རཏྣ་པཱ་ད། བྷཊྚ་ར་ཀ་པུཎྱ་ཛྭ་ཛ་པཱ་ད། དེས་བདག་ལའོ། །གལ་ཏེ། རྒྱུད་སྡེ་ཕྱི་མ་ཕྱི་མའི་ཁྱད་པར་ཡོད་པས་ཐོབ་པར་མི་འགྱུར་རོ་སྙམ་ན། ཨ་བྷྱས་མ་ཕྱེ་བཞིན་དུ། ཕྱེ་ནས། བྱས་པ་རྣམས་ཀྱིས་ཀྱང་ཐོབ་པར་སེམས་ན་ཅིའི་སླད་དུ་མི་མཚུངས། འཇུག་པ་ཕྱོགས་གཅིག་པས་ཀྱང་འགྲུབ་སྟེ། དཀྱིལ་འཁོར་བཞིར་བཅུག་པས་འགྲུབ་པ་དང་ཁྱད་པར་མེད་དོ། །འོན་ཏེ་དངོས་ཅག་གིས་དཀྱིལ་འཁོར་སོ་སོར་དབང་མ་ཐོབ་པས་མི་རུང་ངོ་སྙམ་ནའང་མ་ཡིན་ཏེ། ཧཱུྃ་མཛད་གསུམ་དང་བདུད་རྩི་གསུམ་མ་གཏོགས་པའི་དཀྱིལ་འཁོར་སུམ་ཅུ་རྩ་དགུ་སྔ་ནས་ཐོབ་ཅིང༌། ཧཱུྃ་མཛད་ཕྱི་མ་གསུམ་པཎ་ཆེན་བརྒྱུད་པ་རྗེ་འདི་ཉིད་ལ་སོ་སོར་ཞུས་ཡོད་པས་སླན་ཆད་བདག་གིས་ཕྲེང་བའི་དབང་སོ་སོར་བྱས་ན།
ཉན་པ་པོ།
འདི་ཐམས་ཅད་ཐོབ་པར་འགྱུར་རོ། །སྔར་གྱི་རིགས་པ་དེའི་ཕྱིར། ཕྲེང་བའི་འབྱུང་ཁུངས་ཐ་པ་རྣམས་ཀྱེ་རྡོར། བདེ་མཆོག རྡོ་རྗེ་བདུད་རྩི། ཧཱུྃ་མཛད་ལ་སོགས་པ་རྣམས་རེ་རེས་ཆོག་པའི་ལུགས་སུ་བྱས་ནས།
གོང་གི་གྲངས་ཡིག་ནག་པོ་རྣམས།
དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་དུ་དབང་བསྐུར་ཞིང༌།
གཙོ་བོ་འཕོ་བ
དབྱེ་ན་ལྔ་བཅུའམ་ལྔ་བཅུ་རྩ་ལྔར་ཡང་དབྱེར་འདོད་པ་དེ་ལྟར་ཉེར་བརྒྱད་ཀྱི་དབང་གི་