R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༧
[A:༣༧༧]བརྒྱུད་པ་ཡང༌། རྡོ་རྗེ་འཆང༌། རྣལ་འབྱོར་མ། ཨ་བྷ་ཡ། དགེ་བའི་འབྱུང་གནས། ལེགས་སྤྱོད་ཞབས། རཏྣ་རཀྵི་ཏ། ཆག་ལོ་ཆོས་རྗེ་དཔལ། ཤངས་པ་ཚུལ་ཁྲིམས་ཤེས་རབ། གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་བྲང་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། རྩ་བའི་བླ་མ་མཚུངས་མེད་བསོད་ནམས་རྒྱལ་མཚན་གྱི་ཞལ་སྔ་ནས། དེས་དགྱེས་བཞིན་དུ་བདག་ཐུ་བཙུན་ཀུན་དགའ་ལ་གནང་བ་ཡིན་ནོ།། །།པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པ་འདིས་ནི་བདུད་རྩི་ལྷག་མ་གསུམ་གྱི་དབང་མེད་པའི་དོགས་པའང་བསལ་ནས་ཡོད་པར་ངེས་ཤེས་སྐྱེའོ། །བླ་མ་ཉིད་ཀྱིས་མཛད་པའི་རྫོགས་འཕྲེང་གི་ངག་འདོན་ཡང་ཐོབ་བོ།། །།ཡང༌། འཕགས་མ་སྒྲོལ་མ། རབ་ཏུ་དཔའ་བའི་སྒྲོལ་མ། ཟླ་མདངས་སྒྲོལ་མ། གསེར་མདོག་ཅན་གྱི་སྒྲོལ་མ། གཙུག་ཏོར་རྣམ་པར་རྒྱལ་བའི་སྒྲོལ་མ། ཧཱུྃ་སྒྲ་སྒྲོག་པའི་སྒྲོལ་མ། འཇིག་རྟེན་གསུམ་ལས་རྒྱལ་བའི་སྒྲོལ་མ། རྒོལ་བ་འཇོམས་པའི་སྒྲོལ་མ། དབང་མཆོག་སྟེར་བའི་སྒྲོལ་མ། སེང་ལྡེང་ནགས་ཀྱི་སྒྲོལ་མ། མྱ་ངན་མེད་པའི་སྒྲོལ་མ། འགྲོ་བ་འགུགས་པའི་སྒྲོལ་མ། བཀྲ་ཤིས་སྣང་བའི་སྒྲོལ་མ། སྨིན་པར་བྱེད་པའི་སྒྲོལ་མ། རབ་ཏུ་ཁྲོས་པའི་སྒྲོལ་མ། རབ་ཏུ་ཞི་བའི་སྒྲོལ་མ། ཆགས་པ་འཇོམས་པའི་སྒྲོལ་མ། བདེ་ལེགས་སྦྱིན་པའི་སྒྲོལ་མ། རྣམ་རྒྱལ་སྒྲོལ་མ། སྡུག་བསྔལ་བསྲེག་བྱེད་སྒྲོལ་མ། དངོས་གྲུབ་འབྱུང་བའི་སྒྲོལ་མ། ཡོངས་སུ་རྫོགས་བྱེད་སྒྲོལ་མ་སྟེ་ཉི་ཤུ་རྩ་གཅིག་རེ་རེ་ལ་ལྷ་བཅུ་དྲུག་རེས་བསྐོར་བའི། བཅུ་བདུན་མའི་དཀྱིལ་འཁོར་ཉེར་གཅིག་སོ་སོར་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སྒྲོལ་མ། ཉི་མ་སྦས་པ། ཙནྡྲ་གརྦྷ། དགྲ་ལས་རྒྱལ་བ། ངག་དབང་གྲགས་པ། དད་བྱེད་གོ་ཆ། དེ་བཞིན་