R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༩
[A:༣༧༩]ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དཔའི་དབྱངས། མཁན་པོ་བོདྡྷི་སཏྭཿ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་ལུང་དཔལ་གྱི་རྡོ་རྗེ། ལྷ་ལུང་དཔལ་གྱི་ཡོན་ཏན། མངའ་བདག་དཔལ་འཁོར་བཙན། མངའ་བདག་ཉི་མ་མགོན། ལྷ་བླ་མ་ཡེ་ཤེས་འོད། ལྷ་བཙུན་པ་བྱང་ཆུབ་འོད། རྟ་ཚུལ་ཁྲིམས་བྱང་ཆུབ། ཞུབ་ཤེས་རབ་གྲགས། བྱང་སེམས་ཤཱཀྱ་དབང་ཕྱུག དགྲ་བཅོམ་རྒྱལ་མཚན། ས་གོར་བྲག་ནག་གི་མཁན་པོ་བརྒྱ་མོ་ཆེ། ཤངས་ལྷ་ཕུ་བ་རིན་ཆེན་འོད་ཟེར། སྣར་ཐང་མཁན་པོ་སྐྱི་སྟོན།
གྲགས་རྒྱལ་ལམ། ཤཱཀྱ་འབུམ་གང་རུང་ཡིན་པར་སྣང༌། མཁན་པོ་ཡིན་ཟེར། གསུང་བའི་མཆན་འདུག
དམར་སྟོན། བྱང་ཆེན་པ་བསོད་ནམས་འཕེལ། བག་སྟོན་གཞོན་ཚུལ། ཡོན་པོ་ཚུལ་རྒྱལ། བྱ་བྲལ་བསོད་རིན། བདེ་མཆོག་པ་ཆོས་གྲགས། མཁན་ཆེན་བྱང་བཟང་པ། རྗེ་བླ་མ། དེས་བདག་ལའོ། །ཡང༌། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྗེས་གནང་ཐོབ་པའི་གྲུབ་ཆེན་རྣམས་ཀྱི་རིམ་པ་ནི། ལཱུ་ཧི་པ། ལིང་པ་པ། ཀུ་བི་རཱུ་པ། ཌོཾ་གི་པ། ཀླུ་གྲུབ་ཞབས། ཀ་ཁ་ཡ་ལ་པ། མཚོ་སྐྱེས་རྡོ་རྗེ། ཟ་ཉལ་འཆག ས་ར་ཧ། རི་ཁྲོད་པ། སྒེག་པའི་རྡོ་རྗེ། དཱ་རི་ཀ ཡེ་ཤེས་ཞབས། ཨུནྡྷ་ཏ་པ། ཐ་ག་པ། པདྨ་རྡོ་རྗེ། དབྱིག་གཉེན། ཛཱ་ལནྡྷ་རཱ། ཆོས་ཀྱི་གྲགས་པ། བྷུ་པ་པ། ཀ་ཤི་རི་པ། ཏོག་ཙེ་པ། ཨིནྡྲ་བྷུ་ཏི། ཀླུའི་བྱང་ཆུབ། འོད་མཛད་ཞབས། མ་གྷ་ན་ཌི་པ། ཌོཾ་བི་བ། ཀ་པཱ་ལི་པ། ལ་བ་པ། ཏཻ་ལོ་པ། མར་མེ་མཛད། ཙནྡྲ་གོ་མི། ར་སུ་ཏ། དགའ་བའི་རྡོ་རྗེ། ཀ་ཏོ་ལ་པ། ལྕགས་ལྷམ་མཁན། བ་ག་ལ་པ། དབྱིག་གཉེན། ཙ་པི་ཌི་པ། དམ་ཚིག་རྡོ་རྗེ། ལྕེ་སྤྱང་ཞབས། ཀརྞ་པ། དྷ་མུ་པ། དྷ་མ་པ། ཀུ་མཱ་རི་པ། བནྡྷེ་པ། ཀུ་པ་ཛི་པ། རིན་ཆེན་མྱུ་གུ ཁངྒ་སིངྷ༌། དྷ་ཀི་པ། ཀུ་མ་རུ་པ། ཊཎྜ་ན་པ། སྤྱོད་པ་པ། ཀོ་