R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧༨
[A:༣༧༨]གཤེགས་པའི་བསྲུང་བ། དཱ་ན་ཤྲཱིཿ བློ་གྲོས་གྲགས་པ། པུ་ཅོར་ལོ་ཙཱ། དབང་ཕྱུག་རིན་ཆེན། མཆིམས་ཆོས་སེང༌། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བཀའ་བཅུ་པ་གཞོན་ནུ་སེང་གེ འགྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། མཁན་ཆེན་བསོད་ནམས་མཆོག་གྲུབ། བླ་མ་ནམ་མཁའ་བློ་གྲོས། རྗེ་བླ་མ། དེས་བདག་ལའོ། །ཡང་སྒྲོལ་མ། ཀླུ་སྒྲུབ། ཉི་མ་སྦས་པ། རཏྣ་ཤྲཱིཿ མལ་ལོ་ཙཱ་བ། རྗེ་ས་ཆེན། རྗེ་བཙུན་རིན་པོ་ཆེ། མཆིམས་ཆོས་སེང༌། དེ་ནས་གོང་བཞིན་ནོ།། ༈ །།སྒོ་དྲུག་གཟུངས་ཀྱི་ཆོ་ག་ལ་བརྟེན་ནས། པཎྜི་ཏ་རིན་ཆེན་གྲགས་པས་གཟུངས་སྣ་ཚོགས་ནས་བཏུས་ཤིང༌། བྱ་བ་སྤྱིའི་གཟུངས་ལ་འཇུག་པར་དབང་བསྐུར་བའི་དཀྱིལ་འཁོར་སྒོ་ཉིས་སྦག་ལྷ་བརྒྱ་དང་སོ་གཉིས་ཀྱི་ལྷ་སོ་སོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་པ་གཏད་པའི་དབང་གི་ཆོ་ག་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གསང་བའི་བདག་པོ། མཁའ་འགྲོ་མ་གསང་བ་ཐོད་པ་ཅན། རཏྣ་ཀིརྟི། བུདྡྷ་ཛྙཱ་ན་ཤྲཱི་བཛྲཿ ཁ་ཆེ་ཀརྞ་པཿ བལ་པོ་མ་ཧཱ་སེ་ནཿ ཁམས་པ་ལོ་ཙཱ་བ། སེ་སྤྱིལ་བུ་བ། ལྷ་སྤྱིལ་བུ་བ། སྣར་ཐང་པ། མཆིམས་པ་ཡབ་སྲས། བྱ་དགོན་གསར་བ། ཞང་ནམ་མཁའ་བླ་མ། བྱང་སེམས་ཀུན་དགའ། སྟོན་ཡེས། བྱང་ཆེན་པ། བསོད་འཕེལ། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་སྒོ་བ། མཁན་ཆེན་གྲགས་རྡོར་བ། དྲུང་བྱང་ཆུབ་རྡོ་རྗེ་བ། མཁན་ཆེན་བསོད་རིན་པ། མཁན་ཆེན་རྒྱལ་བ་ཕྱག་ན། རྗེ་བླ་མ། དེས་བདག་ལའོ།། ༈ །།སྨན་བླ་ལོངས་སྐུ་ལྷ་ལྔ་བཅུ་ང་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བྱ་རྒྱུད་ལུགས་ཀྱི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་