R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༠
[A:༣༨༠]ལྤགས་མཁན། ཀུན་ཟ་ཞབས། ཉི་མོ་གྲགས་པ། བཞི་རྡུམ་ནག་པོ། དགེ་སློང་བདུན་སྐྱོང༌། ཁྲུས་མཁན། རྡོ་ཀི་ཊི་པ། བེ་སྣ་བ། དབྱུག་པ་ཅན། ཡན་ལག་མེད་པའི་རྡོ་རྗེ། འཕགས་པ་ལྷ། ལ་བ་པ། ཐག་པ་མཁན། ས་ར་ཧ། དཔལ་འཛིན། ཙ་ཏྲི་ལི་པ། ཀོ་ཀ་ལི་པ། དྲིལ་བུ་པ། ནཱ་རོ་པ། ཀུ་ཀུ་རི་པ། རིན་ཆེན་འབྱུང་གནས་ཞི་བ། ཀ་ར་ལི་པ། ཁྭ་མཁན། ཁནྡྷ་རི་པ། གཡུང་པོ། བྱི་ལ་པ། ཀཧྣ་པ། རྣལ་འབྱོར་མ་མེ་ཁ་ལ། གྲུབ་པའི་རྣལ་འབྱོར་མ་དཔལ་མོ། ནི་ལོ་པ། ཡེ་ཤེས་མྱུ་གུའོ། །དེ་ལྟར་གྲུབ་ཆེན་བརྒྱད་བཅུ་རྩ་བཞི་པོ་རྣམས། རྡོ་རྗེ་གདན་དུ་ཚོགས་ཀྱི་འཁོར་ལོ་ལ་འདུས་ནས། མཁའ་འགྲོ་མ་ཀོ་ཀ་ལི་དང༌། དྷརྨྨ་ཁྭེ་པ་གཉིས། གྲུབ་ཆེན་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། དེ་ལས་བརྒྱུད་ནས། སུརྻ་རསྨི། བྲམ་ཟེ་ཀ་མ་ལ། རྣལ་འབྱོར་མ་ཚ་བ་རི་པ། པཎྜི་ཏ་མི་འཇིགས་པ་སྦྱིན་པའི་དཔལ། ཙཱ་མི་ལོ་ཙཱ་བ་སྨིན་དྲུག་ཤེས་རབ། རིན་པོ་ཆེ་ཡབ་སྲས། གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ་བྱང་ཆུབ་དཔལ། སྟག་སྟོན་གཞོན་ནུ་དར། བག་སྟོན་གཞོན་ཚུལ། ཐོག་སྟོན་ཤེས་རྡོར། གཉལ་པ་བདེ་ལེགས་དཔལ། རིན་པོ་ཆེ་བསོད་བཟང༌། མཁན་ཆེན་བསོད་དར། དམར་སྟོན་པ། རྗེ་བཙུན་ཉིད། དེས་བདག་ལའོ།། ༈ །།ཡང༌། དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ལས་རྣམ་སྲས་སྐོར་ཐོབ་པ་ལ། རྣམ་སྲས་གསང་སྒྲུབ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། ཡུམ་གཙུག་ཕུད་མ་དམར་མོ་དང་བཅས་པའི་རྗེས་གནང༌། གར་མཁན་མཆོག་ལྗང་ཁུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་འབྲུག་ལ་ཞོན་པ་ལྷ་བརྒྱད་མའི་རྗེས་གནང༌། མདུང་མར་ཅན་གསང་བ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་གསུམ་གྱི་རྗེས་གནང༌། མདུང་དམར་ཅན་ནང་མོ་མེ་ལྟར་སྒྲུབ་པ་བདུད་མོ་བཞི་དང་རྒྱལ་ཆེན་བཞིས་བསྐོར་བ་ལྷ་དགུའི་རྗེས་གནང་རྣམས་ཀྱི་