R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༡
[A:༣༨༡]བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟངས་སྙིང་པོ། ཀརྞ་པ། ཀཱ་མ་རཱུ་པ། ཁ་ཆེ་སྒོམ་པ། ཟངས་དཀར་ལོ་ཙཱ། གཡོར་པོ་ཇོ་སྟོན། བཅུར་བསོད་ནམས་རིན་ཆེན། འབྱིད་ཕུ་བ་པད་མ་བཀྲ་ཤིས། ལྷ་རྗེ་ཇོ་བཟང༌། ཁྲོ་ཕུ་ལོ་ཙཱ་བ། མཁན་ཆེན་གཙང་པ། མཁས་པ་བྱང་གྲགས། མཁན་ཆེན་དང་མ་བ། ཤེས་རྡོར་བ། རིན་ཆེན་རྒྱ་མཚོ། རིན་ཆེན་དཔལ། ཆོས་གྲགས་པ། རྒྱལ་ཕྱག་པ། རྗེ་བླ་མ། དེས་བདག་ལའོ།། །།དྲག་བྱེད་ནག་པོ་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་གི་བརྒྱུད་པ་ནི། འགྲོ་བཟང་སྙིང་པོའི་བར་གོང་བཞིན། དེ་ནས་རིན་ཆེན་རྡོ་རྗེ། འབྱིད་ཕུ་བ་ནས་ཁྲོ་ལོའི་བར་ཡང་གོང་བཞིན། དེ་ནས་བསོད་ནམས་དབང་ཕྱུག བསོད་ནམས་སེང་གེ རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། རིན་རྣམ་པ། རིན་ཆེན་རྒྱ་མཚོ། རིན་ཆེན་དཔལ། ཉུག་པ་ཆོས་གྲགས་དཔལ། བསོད་ནམས་རིན་ཆེན། རྒྱལ་ཕྱག་པ། ཀུན་དགའ་བློ་གྲོས། རྗེ་བླ་མ། དེས་བདག་ལའོ།། །།ཡང༌། གཏེར་ཆོས། ཀླུ་གདོན་འདུལ་བ་འཇམ་དཔལ་ན་ག་རག་ཤའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དབྱངས། སློབ་དཔོན་པདྨ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་རིན་ཆེན་གླིང་པ། སྤྲུལ་སྐུ་ནམ་མཁའ་འོད་ཟེར། རི་ཁྲོད་ནམ་མཁའ་ལེགས་པ། བླ་མ་ཆོས་དབྱིངས་པ། རྣལ་འབྱོར་དཔལ་བཟང་པོ། སློབ་དཔོན་ཕུན་ཚོགས། རྒྱལ་བ་རིན་ཆེན། ཡོན་དཔལ། དམར་སྟོན་པ། དེས་བདག་ལའོ། །དེ་ལྟར་རྗེས་གནང་ཐོབ་ནས་ལུང་ཐོབ་པའི་རྣམ་གྲངས་ནི། ལོ་རྒྱུས་བསྙེན་སྒྲུབ་བྱ་ཐབས། གཏོར་མ་བསྟོད་པ། རྒྱ་མཚོ་དུག་རིའི་རྒྱུད་ལས་ཕྱུང་བ། རྒྱ་མཚོ་དུག་རི་པ་ཞེས་བྱ་བ་སློབ་དཔོན་པད་མས་བསྒྲུབ་པ་སངས་རྒྱས་རིན་ཆེན་ལ་གཏད་པ་རྣམས་སོ།། །།ཡང༌། དྭགས་པོ་