R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༢
[A:༣༨༢]བཀའ་བརྒྱུད་པའི་བདེ་མགོན་སྦྲག་མར་གྲགས་པའི་བདེ་མཆོག་ལྷན་སྐྱེས་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་པཱ་ཎི། གྷཎྜ་པ། ཏཻ་ལོ་པ། ནཱ་རོ་པ། ཀརྟི་རི་པ། རྡོ་རྗེ་གདན་པ། ཨ་བྷ་ཡ་ཀ་ར་གུཔྟ། ཙ་མི་སངས་རྒྱས་གྲགས་པ། དཔལ་རྒྭ་ལོ། ཕག་མོ་གྲུབ་པ། འབྲི་ཁུང་འཇིག་རྟེན་མགོན་པོ། བླ་མ་བཀྲ་ཤིས་འབུམ། ཇ་ཚུལ་བ་བཀའ་རྡོ་རྗེ་དཔལ། སྔགས་པ་རིན་ཆེན་དབང་ཕྱུག མགོན་གཞོན་པ། རྡོར་ཡེ་བ། མཁན་པོ་བསོད་ནམས་དར། དམར་སྟོན་པ། རྗེ་བཙུན་བླ་མ། དེས་བདག་ལའོ། །དེ་ལྟར་སྦྲག་མའི་ཡེ་ཤེས་མགོན་པོ་ཡུམ་ཅན་ལྷ་བཅུའི་དཀྱིལ་འཁོར་དུ། བུམ་དབང་དང༌། དབང་གོང་མའི་ཐ་སྙད་བྱར་རུང་ཙམ་གྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ནཱ་གཱརྫུ་ན། ཨཱརྻ་དེ་བ། ཨ་བྷ་ཡ།
འདི་མན་གོང་དང་འདྲ
། ཙ་ལི། རྒྭ་ལོ། འགྲོ་མགོན་རིན་པོ་ཆེ། འབྲི་ཁུང་བ། བཀྲ་ཤིས་འབུམ། ཇ་ཚུལ་བ་དགའ་རྡོ་རྗེ་དཔལ།
གོང་དུ་བཀའ་དང་འདིར་དགའ་ཟེར་བ་གང་ཡིན་བརྟག་དགོས
། རིན་དབང༌། མགོན་གཞོན་པ། རྡོར་ཡེ་བ། བསོད་དར་བ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ། །ཡང༌། པཎ་ཆེན་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཀླུའི་བློ། དུས་འཁོར་ཞབས། རིན་ཆེན་བློ་གྲོས། ཆོས་བཟང༌། ཤཱཀྱ་བཀྲ་ཤིས། ཆོས་དཔལ་བཟང་པོ། བློ་གྲོས་མཛད། རྒྱལ་བ་དཔལ་ལས་ཀྱིས་མགོན་པོ། ངང་པའི་སློབ་དཔོན། པཎྜི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་ཞབས། རྗེ་བླ་མ། དེས་བདག་ལའོ། །འདིའི་སྒྲུབ་ཐོབ་ཀླུ་སྒྲུབ་ཀྱིས་མཛད་པའི་ལུང་ཡང་ཐོབ་བོ། །ལེགས་པར་དྲན་དུས་འདི་པཎ་ཆེན་རིན་པོ་ཆེ་ཉིད་ལས་ཀྱང་ཐོབ་སྣང་ངོ༌།། །།ཡེ་ཤེས་མགོན་པོ་ལྷ་ཉེར་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་