R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༣
[A:༣༨༣]ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཱརྻ་དེ་བ། མར་མེ་མཛད། དུས་ཞབས་པ་ཆེ་ཆུང༌། ཨ་བྷྱ་ཀ་ར། ཙ་མི། རྡོ་རྗེ་དབང་ཕྱུག རྒྱལ་བ་རྣལ་འབྱོར། ཤཱཀྱ་རྡོ་རྗེ། རྒན་མོ་ལྷས་པ་བྱང་དཔལ། ལ་སྟོད་བསོད་དབང༌། བླ་མ་ཨ་ཤི། རྟོགས་ལྡན་ཟླ་སེང༌། ཉི་མ་རྒྱལ་མཚན། བསོད་ནམས་དཔལ་འབྱོར། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ། །ཡང༌། རྡོ་རྗེ་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་མཚན་ཅན་གྱི་རྗེས་སུ་གནང་བ་སྤྱན་སྔ་གྲགས་པ་བྱང་ཆུབ་པའི་ལུགས་གཙོ་རྐྱང་དང༌། སྤྱན་སྔ་ཉེར་གཉིས་རིན་པོ་ཆེའི་ལུགས་ལྷ་མངས་ཀྱི་རྗེས་གནང་སོ་སོར་ཐོབ་པའི་གདན་ས་ནས་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷུ་ཏི། ཀླུའི་བུ་མོ། ར་ཧཱུ་ལ་བྷ་དྲ། ནཱ་གརྫུ་ན། ནཱ་ག་བོདྡྷི། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ། ཨ་བྷྱ་ཀ་ར་གུཔྟ། ཙ་མི་སངས་རྒྱས་གྲགས། དཔལ་རྒྭ་ལོ། འགྲོ་མགོན་ཕག་མོ་གྲུབ་པ། འབྲི་ཁུང་རིན་ཆེན་དཔལ། སྤྱན་སྔ་གྲགས་པ་འབྱུང་གནས། རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས། བཅུ་གཉིས་པ་རིན་པོ་ཆེ། བླ་མ་འདོལ་བ་ཆེན་པོ། སློབ་དཔོན་དབང་བསོད། སྤྱན་སྔ་གྲགས་པ་ཤེས་རབ། འཇམ་དབྱངས་ཤཱཀྱ་རྒྱལ་མཚན། སྤྱན་སྔ་གྲགས་པ་བྱང་ཆུབ། ཆོས་རྗེ་བསོད་གྲགས་པ། སྤྱན་སྔ་བསོད་ནམས་རྒྱལ་མཚན། ཆོས་རྒྱལ་གྲགས་པ་འབྱུང་གནས། རྗེ་བླ་མ། དེས་བདག་ལའོ། །ཡང་ན། སྤྱན་སྔ་བསོད་གྲགས་པ་དང༌། ཆོས་རྒྱལ་ཐམས་ཅད་མཁྱེན་པའི་བར་དེར། སྤྱན་སྔ་བསོད་ནམས་བཟང་པོ་དང༌། མཁན་ཆེན་རྒྱལ་བཟངས་པ་དང༌། འཇམ་དབྱངས་ཤེས་རབ་དོན་གྲུབ་གསུམ་གང་རུང་རེ་རེ་བཅུག་པའོ། །ཡང༌། སྤྱན་སྔ་གྲགས་པ་ཤེས་རབ། སེང་གེ་རྒྱལ་མཚན། བསོད་བཟང་པ། ཡང་སྤྱན་སྔ་བསོད་ནམས་རྒྱལ་མཚན། དཀའ་བཅུ་བ་