R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༤
[A:༣༨༤]བྱང་བཟང༌། ཡང་སྤྱན་སྔ་བསོད་རྒྱལ་བ་ལ་མཁས་གྲུབ་བཟང་དཔལ། དེ་ཐམས་ཅད་ལ་ཆོས་རྒྱལ་ཐམས་ཅད་མཁྱེན་པས་གསན་ནས་སྔར་བཞིན་བརྒྱུད་དོ། །སྟག་ལུང་པ་ནས་བརྒྱུད་པ་ནི། འགྲོ་མགོན་ཕག་མོ་གྲུ་པ་ལ། སྟག་ལུང་པ་བཀྲ་ཤིས་དཔལ། སྐུ་ཡལ་བ་རིན་ཆེན་མགོན། སངས་རྒྱས་ཡར་བྱོན་པྲ་ཛྙཱ་གུ་རུ། མངྒ་ལ་གུ་རུ། ཆོས་རྗེ་དཔལ་བཟང་པོ། རཏྣ་གུ་རུ། རཏྣཱ་ཀ་ར། ནམ་མཁའ་དཔལ། བཀྲ་ཤིས་དཔལ་བརྩེགས། བཟང་དཔལ་བ། ཆོས་རྒྱལ་གྲགས་པ་འབྱུང་གནས་ནས་སྔར་བཞིན་ནོ། །ཡང༌། ལ་སྟོད་པ་ལས་བརྒྱུད་པ་ནི། རྗེ་སྤྱན་སྔ་ནས་རྒྱལ་བ་ཡང་དགོན་པ། སྤྱན་སྔ་རིན་ཆེན་ལྡན། ཟུར་ཕུག་པ། རྩིབས་རི་བ། བློ་བཟང་པ། བཟང་དཔལ་བ་ནས་གོང་བཞིན་ནོ། །ཡེ་ཤེས་མགོན་པོ་བྱ་རོགས་མའི་རྗེས་གནང་དར་དམར་མའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་པཱ་ཎི། ཨིནྟྲ་བྷཱུ་ཏི། ནཱ་ག་ཡོ་གི་ནི། ར་ཧཱུ་ལ་བྷ་དྲ། ན་གརྫུ་ན། ནཱ་ག་བོདྡྷི། རྡོ་རྗེ་གདན་པ་ཆེ་ཆུང༌། ཙ་མི། རྒྭ་ལོ། ཕག་མོ་གྲུ་པ། ཆོས་རྗེ་བ། བཀྲ་ཤིས་འབུམ། བྱ་ཚུལ་བ་རྡོ་རྗེ་དཔལ། བླ་མ་གསང་སྔགས་པ། མགོན་པོ་གཞོན་ནུ། རྡོར་ཡེ་བ། ཤེས་རབ་དོན་གྲུབ། ཆོས་རྒྱལ་གྲགས་པ་འབྱུང་གནས། རྗེ་བླ་མའི་ཞབས། དེས་བདག་ལ་གནང་ངོ༌།། ༈ །།ཡང༌། སྟེངས་པ་ལོ་ཙཱ་བ་ནས་བརྒྱུད་པའི་ལས་མགོན་བྱ་རོག་གདོང་ཅན་གྱི་རྗེ་གནང་གཏོར་དབང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་བྱ་རོག་གདོང་ཅན། གྲུབ་ཐོབ་མཱ་ར་ཡ་ཆེན་པོ། ཙ་མི་སངས་རྒྱས་གྲགས་པ། སྟེངས་པ་ལོ་ཙཱ། ཆག་དགྲ་བཅོམ། ཆག་ཆོས་རྗེ་དཔལ། བླ་བྲང་བ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་བྲང་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། དམར་སྟོན་པ། མཁན་ཆེན་ཀུན་རྒྱལ་བ། རྗེ་བླ་མ། དེས་བདག་