R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༥
[A:༣༨༥]ལའོ།། ༈ །།ཡེ་ཤེས་མགོན་པོའི་རྗེས་གནང་འཚལ་ལུགས་ཕྱག་མཚན་གྱི་རྗེས་གནང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ནཱ་གརྫུ་ན། ཨཱརྻ་དེ་བ། དཱི་པཾ་ཀ་ར་བྷ་ཏྲཿ དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཙ་མི་སངས་རྒྱས་གྲགས། དཔལ་རྒྭ་ལོ། ཞང་གཡུ་བྲག་པ། མཉམ་མེད་ཤཱཀྱ་ཡེ་ཤེས། སངས་རྒྱས་སྙིང་པོ། སངས་རྒྱས་གཞོན་ནུ། གསེར་ཁང་སྟེངས་པ་ཀུན་རྒྱལ། སྤྲུལ་སྐུ་ཤཱཀ་འབུམ། བླ་མ་ལྷ་ཆེན་པ། བློ་བཟང་པ། བཟང་དཔལ་བ། ཆོས་རྒྱལ་ཐམས་ཅད་མཁྱེན་པ། རྗེ་བླ་མ། དེས་བདག་ལའོ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ་འབར་མར་གྲགས་པ་ལྷ་བཅུའི་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་མྱང་རལ། ཤེ་བློ་ལྡན། སྲས་མི་བསྐྱོད་རྡོ་རྗེ། གུ་རུ་ཆོས་དབང༌། སྤྲུལ་སྐུ་རྡོར་མགོན། སྤྲུལ་སྐུ་ཤཱཀ་གཞོན། སློབ་དཔོན་མགོན་གཞོན། སློབ་དཔོན་རྡོར་ཡེས། བླ་མ་དཔལ་བློ། དྲིན་ཅན་སངས་རིན། ཆོས་རྒྱལ་ཐམས་ཅད་མཁྱེན་པ། རྗེ་བླ་མ། དེས་བདག་ལའོ། །ལྷ་བཅུ་ནི་གཙོ་བོ་ཡབ་ཡུམ། འཇིག་རྟེན་པའི་འཁོར་བརྒྱད་དང་བཅས་པའོ།། ༈ །།ཡང༌། དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་ཚད་མ་མཆིས་པ་མངའ་བ་དེ་ལས། གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་ཐོབ་པ་ལས། ཐོག་མར་རིག་འཛིན་སློབ་དཔོན་གྱི་སྐོར་ལ། བླ་མ་རྡོ་རྗེ་ཐོད་འཕྲེང་སྩལ་གྱི་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། གུ་རུ་ཆོས་ཀྱི་དབང་ཕྱུག ཡར་ལུང་སྤྲུལ་སྐུ། སངས་རྒྱས་གར་སྟོན། ཚུལ་གཞོན་པ། མཁས་གྲུབ་ཆོས་དཔལ་བ། བླ་མ་སངས་རྒྱས་རིན་ཆེན། མཁས་གྲུབ་གཞོན་ནུ་