R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༦
[A:༣༨༦]དཔལ། རྗེ་བཙུན་བླ་མ། དེས་བདག་ལའོ། །ཡང་གཞོན་ནུ་དཔལ་བའི་དོད་དུ། ཡབ་བསོད་ནམས་རིན་ཆེན་བཅུག་ཀྱང་འོང་ངོ༌། །དབང་ཆོག་ལྷན་ཐབས་དང་བཅས་པའི་ལུང་ཡང་ཞུས། ༈ ཡང་བླ་མ་གསང་འདུས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ཨུ་རྒྱན་པད་མ། ཇོ་མོ་མཚོ་རྒྱལ། གུ་རུ་ཆོས་དབང༌། ཡར་ལུང་སྤྲུལ་སྐུ། བླ་མ་ཤཱཀྱ་འབུམ། ཆོས་དཔལ་བཟང་པོ། སངས་རྒྱས་རིན་ཆེན། རྗེ་བླ་མ། དེས་བདག་ལའོ། །ཡིག་ཆའི་རིམ་པ་ལ་ཐུགས་སྒྲུབ་གསང་བ་འདུས་པ། ཐོ་བྱང༌། ཐུགས་སྒྲུབ་ཀྱི་རྩ་བ། ལས་བྱང་ལེ་བརྒྱད་མ། ཟབ་རྒྱ་བརྒྱད། ཟིན་ཏིག་གནད་བརྒྱད། གཅེས་པ་བརྒྱད། ལས་བརྒྱད་ཐོད་ཕྲེང་སྩལ་རྩ་བའི་སྒྲུབ་ཐབས།
གོང་གི་དབང་ཆོག་ཅེས་པ་འདི་ཉིད་ཡིན
། མཚན་བརྒྱད་སྒྲུབ་ཐབས་རྣམས་སོ།
དཔེ་ཆའི་སྒྲིགས་འདི་དང་འོག་མ་གང་མཐུན་བརྟག་རྒྱུ
། །འདིའི་ཆོས་སྐོར་ལ་ལས་བྱང་ལེ་བརྒྱད། ཟབ་རྒྱ་བརྒྱད། ཟིན་ཏིག་གནད་བརྒྱད། གཅེས་པ་བརྒྱད། མཁའ་འགྲོའི་ལས་བརྒྱད། དཔེ་ཆུང་བརྒྱད། མཚན་བརྒྱད་སོ་སོའི་སྒོས་སྒྲུབ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། པད་མ་འབྱུང་གནས། མཚོ་རྒྱལ། ཆོས་དབང༌། སངས་རྒྱས་འགར། ཡར་ལུང་སྤྲུལ་སྐུ། དེ་གཉིས་ཀ་ལ་ཤཱི་ལ་ཀུ་མཱ་ར། ཆོས་དཔལ་བཟང་པོ། སངས་རྒྱས་རིན་ཆེན། ཡིད་སངས་རྩེ་པ། རྗེ་བླ་མ། དེས་བདག་ལའོ།། །།གུ་རུ་དྲག་པོའི་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང་ཉི་མ་འོད་ཟེར། གཉོས་སྟོན་ཞིག་པོ། གཉོས་སྟོན་དོན་གྲུབ། གྲགས་པ་རྡོ་རྗེ། གཉོས་སྟོན་བཀྲ་ཤིས། གྲགས་པ་འོད་ཟེར། སྒོམ་པ་བསོད་