R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༧
[A:༣༨༧]སེང་ལ་རྭ་བ་འཇམ་སེང༌། བླ་མ་ཆོས་གྲགས། མཁན་ཆེན་བྱང་བཟང་པ། རྗེ་བླ་མ། དེས་བདག་ལའོ།། །།བཀའ་བརྒྱད་བདེ་གཤེགས་འདུས་པ་ཞེས་བྱ་བ་གཏེར་ཁ་གོང་མ། མངའ་བདག་ཉང་ཉི་མ་འོད་ཟེར་ནས་བརྒྱུད་པའི་དབང་བསྐུར་ཆེ་མོའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང་ཉི་མ་འོད་ཟེར། སྔགས་བཙུན་ནམ་མཁའ་འོད། སྔགས་བདག་འགྲོ་མགོན། སློབ་དཔོན་འཇམ་དཔལ་རྫོང་པ། སྔགས་པ་རྟོགས་ལྡན་རང་རིག ལྕང་རྭ་བ་གཟུང་སྟོན་ལྷ་དར། གཟུང་སྟོན་རིན་ཆེན་རྒྱལ་པོ། ཡོལ་སྟོན་འཕགས་པ། ཡོལ་ཀུན་དགའ་རིན་ཆེན། ལྡན་པ་བརྩོན་འགྲུས་རིན་ཆེན། གཙང་པ་བློ་བཟང་པ། ཡང་རྫོང་པ་དཔལ་ལྡན་བཟང་པོ། མེ་སྣ་བ་རྣམ་རྒྱལ་འོད་ཟེར། རྗེ་བཙུན་བླ་མ་དམ་པ། དེས་བདག་ལའོ། །འདིའི་བཀའ་བབས་སོ་སོ་ནི། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། བི་མ། ཧཱུྃ་ཀ་ར། འཇམ་དཔལ་བཤེས་གཉེན། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་པད་མ། དྷ་ན་སཾ་ཀྲི་ཏ། རོམ་བུ་གུ་ཡ་དེ་བ། ཤནྟིཾ་གརྦྷ་རྣམས་སོ། །དེ་རྣམས་རེ་རེ་ལ་མཁའ་འགྲོ་མ་ཉིད་ཀྱིས་གནང༌། དེ་ཐམས་ཅད་ཀྱི་བཅུད་འདུས་པ་ནི། སློབ་དཔོན་པད་མ་ཡིན་ལ། དེ་རྣམས་ལ་རྙིང་མའི་ལུགས་ཀྱི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅེས་བྱའོ། །བོད་ཀྱི་གྲུབ་ཆེན་བརྒྱད་ནི། ཞང་དྲི་མེད་ཟླ་ཤར།
གཉགས་ཛྙཱ་ན་ཀུ་མཱ་ར་ཡང་ཟེར
། སངས་རྒྱས་ཡེ་ཤེས། ནམ་མཁའི་སྙིང་པོ། ངལ་ལམ་རྒྱལ་བ་མཆོག་དབྱངས། མཁར་ཆེན་མཚོ་རྒྱལ། དཔལ་ཀྱི་ཡེ་ཤེས། དཔལ་གྱི་སེང་གེ བཻ་རོ་ཙཱ་ན། ཁྲི་སྲོང་ལྡེའུ་བཙན་རྣམས་ཡིན་ལ། སློབ་དཔོན་གྱི་བཀའ་བརྒྱད་ཀྱང་དེ་ཐམས་ཅད་ལ་སོ་སོར་བཀའ་བབས་སོ། །དེ་རྣམས་ཀྱི་བཅུད་འདུས་པ་