R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༨
[A:༣༨༨]ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན་ནོ། །དེ་ནས་བརྒྱུད་པ་གོང་བཞིན་ནོ།། ༈ །
བཀའ་བརྒྱད་བཀའ་མ་ཡང་འདི་ཀས་ཐོབ་པར་བཞེད་པས།
བཀའ་བརྒྱད་བཀའ་མའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། སློབ་དཔོན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་རི་སིངྷ༌། སློབ་དཔོན་པད་མ་འབྱུང་གནས། གཉགས་ཛྙཱ་ན་ཀུ་མཱ་ར། སྣུབས་སངས་རྒྱས་རིན་པོ་ཆེ། སྣུབས་སྟོན་ཡོན་ཏན་རྒྱ་མཚོ། སྣུབས་པད་མ་དབང་རྒྱལ། རག་ཤི་ཚུལ་ཁྲིམས་རྒྱལ་མཚན། ཁམས་པ་ལྡན་སྟོན། ཁམས་པ་དར་རྒྱལ། ཤངས་ཀྱི་དཔའ་གྲུབ་ཐོབ། ལས་སྟོད་ཀྱི་དཔའ་གྲུབ་ཐོབ་དངོས་གྲུབ། མྱང་རལ་ཉི་མ་འོད་ཟེར་ནས་གཏེར་མ་ཇི་བཞིན་ནོ། །བཀའ་བརྒྱད་ཡོངས་རྫོགས་ཞེས་བྱ་བ། གཏེར་ཁ་འོག་མ་གུ་རུ་ཆོས་དབང་ནས་བརྒྱུད་པའི་དབང་བསྐུར་ཆེ་མོ་ཐོབ་
སྔར་ལས་ཐོས་སོ
། པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་རི་སིངྷ༌། སློབ་དཔོན་པད་མ་འབྱུང་གནས། གུ་རུ་ཆོས་ཀྱི་དབང་ཕྱུག སྲས་པད་མ་དབང་ཆེན། སྲས་ཀུན་གྲོལ། བླ་མ་ཆོས་ཀྱི་རྒྱལ་མཚན། བླ་མ་རང་བྱུང་རིན་ཆེན། ལྡན་པ་བརྩོན་འགྲུས་རིན་ཆེན། དེས་མན་གོང་མ་བཞིན་ནོ།། །།བཀའ་བརྒྱད་ཡོངས་རྫོགས་ཀྱི་བརྒྱུད་གསང་བ་འདུས་པ་ལེའུ་བཞི་བཅུ་ཞེ་གཉིས་པ། སློབ་དཔོན་པད་མས་རང་འགྱུར་དུ་མཛད་པའི་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་པད་མ། གུ་རུ་ཆོས་དབང༌། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། འབྲོ་རྡོ་རྗེ་མགོན་པོ། དེའི་སྲས་ཀུན་དགའ་བཟང་པོ། དེའི་སྲས་ཨུ་རྒྱན་བཛྲ། དེའི་སྲས་ཡོན་ཏན་ལྷུན་གྲུབ། བླ་མ་ཤེར་མགོན་པ། མེ་སྣ་བ་རྣམ་རྒྱལ་འོད་ཟེར། ཆོས་རྗེ་བསོད་ནམས་རྒྱལ་མཚན་ཉིད། དེས་བདག་ལའོ། །བཀའ་བརྒྱད་སྐོར་གྱི་ཡིག་ཆ་ཐམས་ཅད་ཀྱང་ཆོས་འདི་པ་