R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨༩
[A:༣༨༩]རང་གི་ལུགས་བཞིན་ཡོད། ལུང་དུ་མ་ཚང་བ་མེད་པར་ལེགས་པར་ཐོབ་བོ།། །།ཙ་རིའི་ཞིང་སྐྱོང་སེང་གདོང་བཀའ་གཏེར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི།
བཙལ་བར་བྱའོ
།། ཡང་སྒྱུ་འཕྲུལ་ཞི་བ་ལྷ་བཞི་བཅུ་རྩ་གཉིས་དང༌། ཁྲོ་བོ་ཁྲག་མཐུང་ལྔ་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་སོ་སོར་ཕྱི་
རྡུལ་ཚོན་གྱི་དཀྱིལ་འཁོར་དུ
། ཕན་པའི་དབང་བཅུ། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ། གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང༌། རང་བཞིན་འོད་གསལ་གྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང༌། བདེན་པ་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་ཤིན་ཏུ་བརྟན་པའི་དབང་རྣམས་ཐོབ་པའི་བརྒྱུད་པ་ལ། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། རྒྱལ་བ་ཀུན་ཏུ་བཟང་པོ། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་སེམས་དཔའ། འཇོམས་བྱེད་ཁྲོ་བོའི་དཀྱིལ་འཁོར་དང་བཅས་པ་ལ་དགོངས་ཏེ་བརྒྱུད། གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། དམ་པའི་རིགས་ཅན་དྲ་མ་ལྔ་ལ་རིག་པ་ནས་རིག་པར་བརྒྱུད། གསུམ་པ་གང་ཟག་སྙན་བརྒྱུད་ནི། གསང་བདག་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། སིདྡྷི་ར་ཛ། སྲིང་མོ་གོ་པཱ་ལི། ཡང་ཀུ་ཀུ་རཱ་ཛ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི། སློབ་དཔོན་སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། སྨ་རིན་ཆེན་མཆོག མཁས་པ་གཙུག་གྱེ་རྣམ་གཉིས། ཞང་རྒྱལ་བའི་ཡོན་ཏན། སྣུབས་པ་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡབ་སྲས། མྱང་ཤེར་མཆོག མྱང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང༌། ཟུར་ཆུ་ཤེས་རབ་གྲགས། གླན་ཤཱཀྱ་བྱང་ཆུབ། གསང་བདག་ཤཱཀྱ་སེང་གེ རྩད་ཚ་ཤྭ་ཀ་རྡོར། ཙགས་སྟོན་ཤཱཀྱ་འབྱུང༌། གླན་སྟོན་རྡོ་རྗེ་འོད་པོ། གླན་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཆོས་ཀྱི་སེང་གེ གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་