R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༠
[A:༣༩༠]པོ། འབྲོ་བན་བསམ་གྲུབ་རྡོ་རྗེ། འབྲོ་སྟོན་སངས་རྒྱས་རིན་ཆེན། མཁས་གྲུབ་གཞོན་ནུ་དཔལ། རྗེ་བཙུན་བླ་མ་རིན་པོ་ཆེ། དེས་བདག་ལའོ།། །།ཀུན་ཏུ་བཟང་པོ་རིག་པ་སྩལ་གྱི་དབང་ཡང་ཟེར། ན་རཀ་དོང་སྤྲུགས་ལྷ་དམ་པ་རིགས་བརྒྱ་ཡང་ཟེར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། དྲུག་པ་ཀུན་ཏུ་བཟང་པོ། སྟོན་པ་རྡོ་རྗེ་སེམས་དཔའ། དཔལ་རྣམ་པར་སྣང་མཛད། གསང་བདག་ཕྱག་ན་རྡོ་རྗེ། སྐལ་ལྡན་རྒྱལ་པོ་ཛ། སློབ་དཔོན་ཧཱུྃ་ཀ་ར། སློབ་དཔོན་སངས་རྒྱས་གསང་བ། པཎ་ཆེན་བི་མ་ལ་མི་ཏྲ། གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་སེང་གེ སྣུབས་སངས་རྒྱས་རིན་ཆེན། སྣུབས་ལེགས་པའི་སྒྲོན་མ། སྲས་གཞོན་ནུ་སྙིང་པོ། ཞུ་བསོད་ནམས་ཤཱཀྱ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་ཤཱཀྱ་བྱང་ཆུབ། མགར་སྟོན། བསྲེགས་སྟོན་རྡོ་རྗེ་རྒྱལ་མཚན། གླན་རྡོ་རྗེ་འོད་པོ། གླན་སྟོན་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཆོས་ཀྱི་སེང་གེ གླན་སྟོན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ། ཆོས་རྗེ་སྒྲོན་མ་བ། འགོས་ལོ་ཙཱ་གཞོན་ནུ་དཔལ། རྗེ་བཙུན་བླ་མ། དེས་བདག་ལའོ།། ༈ །།འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་ཆེན་པོར་དབང་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིགས་འཛིན་འཇམ་དཔལ་བཤེས་གཉེན། མཁས་པ་གཙུག་ལག་དཔལ་དགེ སློབ་དཔོན་ཤནྟིཾ་གརྦྷ། རྒྱ་གར་དྷ་ན་དྷ་ལ། མཐུ་སྟོབས་ཁྲག་མཐུང་ནག་པོ། བལ་པོ་བ་སུ་དྷ་ར། སྣུབས་བན་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ། སྲས་མཆོག་ཡེ་ཤེས་རྒྱ་མཚོ། བླ་མ་རྡོ་སྟོན་ལྕགས་ཡེ། མཁས་པ་མེ་སྟོན་དྲན་ཆུང༌། དེ་སྲས་བྲན་སྟོན་མཐའ་བྲལ། གུ་རུ་མེ་སྟོན་ཀུན་