R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༡
[A:༣༩༡]རིག སྐྱེས་མཆོག་མཁས་པ་ཆེན་པོ། ལྷོ་སྟོན་རིན་ཆེན་གྲགས་པ། སྔོ་ཚ་བསོད་ནམས་དབང་ཕྱུག ཀུན་མཁྱེན་སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རབ་རྡོ་རྗེ། མཁས་བཙུན་དཀོན་མཆོག་བཟང་པོ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ། སྒྲོལ་མ་བ་སངས་རྒྱས་རིན་ཆེན་དཔལ་བཟང་པོ། མཁས་པ་ཆེན་པོ་གཞོན་ནུ་དཔལ། ནམ་མཁའ་བློ་གྲོས། རྗེ་བཙུན་བླ་མ། དེས་བདག་ལའོ།། ༈ །ཕུར་པ་རྩ་ཐུང་གི་ལུང་གི་བརྒྱུད་པ་ནི། འཁོར་ལོ་རྒྱས་འདེབས་མ། ཨུ་རྒྱན་པད་མ། ཡེ་ཤེས་མཚོ་རྒྱལ། འདྲེ་ཨ་ཙར་ས་ལེ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་འཕྱལ་ཆེན། འཕྱལ་ཆུང༌། ཁྱུང་པོ་བློ་གྲོས་རྒྱལ་མཚན། གོ་རུབ་ཡང་དག འགོས་སྟོན་དབྱངས་འབར། ཁྱུང་པོ་སེང་གེ ཁྱུང་པོ་ཁྲོ་བོ། གཉལ་པ་སྟོན་གྲགས། ཆོས་ཀྱི་སེང་གེ རྒྱལ་ཡེ་ཤེས་མགོན་པོ། དཔལ་ལྡན་རྡོ་རྗེ་རྒྱལ་མཚན། བླ་མ་ཚུལ་རྒྱལ། རི་གདོང་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་བསོད་ནམས་བཟང་པོ། སློབ་དཔོན་བཀྲ་ཤིས་རྒྱ་མཚོ། མཁས་གྲུབ་གཞོན་ནུ་དཔལ། རྗེ་བཙུན་བླ་མ། དེས་བདག་ལའོ། །འདི་གཏེར་མ་ཡིན་ཞིང༌། གུ་རུ་ཆོས་དབང་གི་མཆན་ཡང་ཞིབ་མོ་སྣང་ངོ༌།། ༈ །།ཡང༌། ཕུར་བ་ལྷ་ནག་གི་དབང་དབང་གོང་མ་དང་བཅས་པ་དཔལ་ལྡན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པའང་རྩ་ཐུང་འདི་ཁོ་ནའོ། །ཕུར་པ་ཡང་གསང་སྤུ་གྲིའི་དབང་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། གུ་རུ་ཆོས་ཀྱི་དབང་ཕྱུག ཡར་ལུངས་སྤྲུལ་སྐུ། སངས་རྒྱས་འགར་སྟོན། ཚུལ་བཞོན་པ། མཁས་གྲུབ་ཆོས་དཔལ་བ། བླ་མ་སངས་རྒྱས་རིན་ཆེན། ཆོས་སྤྱན་ལྡན་པ་གཞོན་ནུ་དཔལ། རྗེ་བཙུན་བླ་མ་རིན་པོ་ཆེ། དེས་