R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༢
[A:༣༩༢]བདག་ལའོ།། ༈ །ཕུར་པ་མན་ངག་དྲུག་པའི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔལ། རིགས་བཞིའི་སངས་རྒྱས་དང༌། བསྡུད་པ་པོ་ཕྱག་རྡོར། ལྷ་དབང་བརྒྱ་བྱིན། ཉེ་དབང༌། སུམ་ཅུ་རྩ་གཉིས་ཀྱི་གཙོ་བོ། ལྷ་དབང་དབང་ཕྱུག་འབར། མཁན་པོ་པྲ་ཧསྟི། སློབ་དཔོན་པད་མ། དེ་ལ་འབངས་མི་བཞི་མཆིས་པ་ལས། རྩ་བའི་བརྒྱུད་ལུགས་ལ། ཇོ་མོ་མཁར་ཆེན་མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག ལ་བྱི་ཡེ་ཤེས་རྩེགས་པ། མེ་བུ་རྒྱལ་བའི་སྙིང་པོ། ལོ་དཔལ་གྱི་བློ་གྲོས། ལྕེ་ཡོན་ཏན་བཟང་པོ། ལྕེ་མོ་དཔལ་སྒྲོན། ངམ་འབྲོ་གསལ་ལེ་བྱང་ཆུབ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་འབྲོ་བན་བྱང་ཆུབ། མགོན་སྟོན་རྡོ་རྗེ་རྒྱལ་མཚན། མེ་སྟོན་བྱང་འབར། མེ་སྟོན་ལྕམ་མེ། མེ་སྟོན་དཀོན་མཆོག མེ་སྟོན་ཀུན་དགའ། སྤུག་སྟོན་གྲགས་གཡུང༌། སངས་རྒྱས་འགར་སྟོན། རྒྱ་སྟོན་ཞིག་པོ། གུ་རུ་ཤཱི་ལ་ཀུ་མཱ་རཿ མཁས་གྲུབ་ཆོས་དཔལ་བཟང་པོ། བླ་མ་སངས་རྒྱས་རིན་ཆེན། རྗེ་བླ་མ། དེས་བདག་ལའོ།། ༈ །རྟ་མགྲིན་ལྷ་བཞིའི་དབང་ལྷོ་འགྲིམས་སུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ནཱ་གརྫུ་ནཿ ཨཱརྻ་དེ་བཿ སིངྷ་དྷརྨ་རཱ་ཛཿ ཤིང་གི་ལྷ་མོ་གདོང་བཞི། པད་མ་འབྱུང་གནས། བ་སུ་དྷ་ར། བལ་རྗེ་ཤཱཀྱ་པུ་རི། རྒྱུད་དཔལ་ཕྲེ་འོད་ཟེར། སློབ་དཔོན་ཕྱག་ན་རྡོ་རྗེ། གྲུབ་ཐོབ་གླང་བུ་གོ་ཆ། གྲུབ་ཐོབ་ཁྲི་བཞེར་ཤིང༌། རྒྱལ་མཚན་མཆོག་དབྱངས། མྱང་དེ་བཞིན་གཤེགས་པ། འབྲེ་ཟ་བཟང་མོ། སྣང་བ་དཔལ་གྱི་ལྷ། འོ་མ་ཏི་ཕྱག་ན། རྒྱན་པ་རིན་ཆེན། དཔའ་བོ་རབ་མཆོག གཉགས་རྒྱལ་བ་རིན་ཆེན། འཚམས་མཆོག་ཡེ་ཤེས། ཟུངས་ཤཱཀ་ཤོག ཀམ་སྒོམ་ཡེ་ཤེས་རྒྱལ་མཚན། ཡེ་