R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༣
[A:༣༩༣]ཞོ་འོད་ཟེར་རྒྱལ་མཚན། ཇོ་སྲས་འཇིགས་བྱེད། ཇོ་སྲས་བྱང་ཆུབ་རྡོ་རྗེ། མྱང་བྱང་ཆུབ་སེམས་དཔའ། བླ་མ་བྲག་དཀར་བ། གུ་རུ་ཤྲཱི་ལ་ཀུ་མཱ་རཿ ཆོས་དཔལ་བཟང་པོ། སངས་རྒྱས་རིན་ཆེན། རྗེ་བླ་མ། དེས་བདག་གོ། ༈ །རྟ་མགྲིན་ཤྭ་ན་བཞི་སྐོར་ཇོ་བོ་ལུགས་སུ་གྲགས་པའི་རྗེས་གནང་གི་བརྒྱུད་པ་ནི། སྤྱན་རས་གཟིགས། རྟ་མགྲིན། ཡུམ་གསང་བ་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་ས་ལི་ཆེ་ཆུང༌། དི་པངྐ་ར་ཤྲཱི་ཛྙཱ་ན། ཡོལ་གྲུབ་ཐོབ། མཐའ་བཞི་གྲུབ་ཐོབ། རིན་ཆེན་སྨོན་ལམ། རིན་པོ་ཆེ་ལམ་པ། ལྷ་བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཆེན། སློབ་དཔོན་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང་བ། ས་བཟངས་འཕགས་པ་གཞོན་ནུ་བློ་གྲོས། ཀུན་དགའ་བཟང་པོ་དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ། །ཡང་ན། དང་པོའི་སངས་རྒྱས། དགེ་སློང་མ་དཔལ་མོ། དགེ་སློང་དཔལ་གྱི་བཟང་པོ། ཡེ་ཤེས་བཟང་པོ། ཇོ་བོ་ནས་སྔར་བཞིན་ནོ།། ༈ །ཤངས་པ་ནས་བརྒྱུད་པའི་རྟ་མགྲིན་བསང་སྒྲུབ་ཀྱི་བརྒྱུད་པ་ནི། པད་མ་འབྱུང་གནས། སྐྱེར་རྒང་པ་དར་མ་སེང་གེ གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་བརྩོན་འགྲུས་སེང་གེ མཁས་གྲུབ་ཤངས་སྟོན། གསེར་གླིང་པ་བཀྲ་ཤིས་དཔལ། བླ་མ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་འབྱུང་བ། རྗེ་བླ་མ། དེས་བདག་ལའོ།། ༈ །མ་ནིང་དྲགས་པའི་སྲོག་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག ཡར་ལུང་སྤྲུལ་སྐུ་མགོན་པོ་རྡོ་རྗེ། སྤྲུལ་སྐུ་ཤཱཀ་འབུམ། སྤྲུལ་སྐུ་ཤཱཀ་སེང༌། རིན་པོ་ཆེ་བྱང་ཆུབ་རྡོ་