R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༤
[A:༣༩༤]རྗེ། ཆོས་རྗེ་བརྟན་པ་བ། ཟུར་དབེན་པ་ཆོས་བཟངས་བླ་མ། རྗེ་བླ་མའི་ཞབས། དེས་བདག་ལ་གནང་བའོ།། ༈ །།སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས། རིག་པ་རྩལ་གྱི་དབང་བཅོ་ལ་
དཀྱིལ་འཁོར་གཅིག
བརྒྱད་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་གསང་བདག་ཕྱག་རྡོར། ཡང་སྤྲུལ་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག སྒྲ་བསྒྱུར་བཻ་རོ་ཙཱ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། མཁས་པ་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཞབས། སྣུབས་ཆུང་ཡོན་ཏན་ཡབ་སྲས། མཁས་པ་ཉང་ཆེན་ཤེར་མཆོག ཉང་བན་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གསང་བདག་མངའ་ཚ་ཧོར་པོ། འགྲོ་མགོན་དམ་པ་ཤཱཀ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐར་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་ཅིག་དྲིན་ཅན་ཟུར་མོ། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། བྲ་བོ་ཆོས་འབུམ། དཀོན་མཆོག་བཟང་པོ། ཀ་ཐོག་པ་རྡོ་རྗེ་རིན་ཆེན་དཔལ་བཟང་པོ། རྗེ་བླ་མ། དེས་བདག་ལའོ། །ལུང་ཨ་ནུ་ཡོ་ག་ལས་ཀུན་འདུས་རིག་པའི་མདོ་དང༌། དེའི་བཤད་རྒྱུད་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལས་འབྱུང་བའི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་ཡན་ལག་དང་
དངོས་གཞི་དཀྱིལ་འཁོར་སྒོ་གཅིག་སྦག་གཞན་དཀྱིལ་འཁོར་བརྒྱད་ཞི་ཁྲོ་ལ་ཤར་དུ་དབྱེར་རུང་བ་ཨཱ་ཡུ་དམར་པོ་ཚེ་དབང་དེ་དངོས་སུ་དཀྱིལ་འཁོར་གཅིག
བཅས་པར་དབང་བསྐུར་བའི་བརྒྱུད་པའི་རིམ་པ་ནི་སྐུ་ལྔའི་བདག་ཉིད་ཀུན་ཏུ་བཟང་པོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ། སྲས་ཨིནྟྲ་བྷུ་ཏི། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛཱ། རོ་ལངས་བདེ་