R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༥
[A:༣༩༥]བ། རྒྱལ་པོ་པྲ་ཧསྟི། ཤཱཀྱ་སེང་གེ དྷ་ན་རཀྵི་ཏ། སྠཱི་ར་ལ་ཏི། བདེ་བ་གསལ་མཛད། དྷརྨ་བོདྡྷི་དང་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། སྣུབས་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ། དེས་ཟུར་པོ་ཆེ། ཟུར་ཆུང་ཤེས་རབ་གྲགས། ཡང་ཁྱེང་བླ་མ། སྒྲོ་ཕུག་པ། དེ་ལས་བརྒྱུད་པའང་ཡོད། ཟུར་ཆུང་པ་ལ་གླན་ཤཱཀྱ་བཟང་པོ། ཤངས་པ་ལྷ་རྗེ་འགར། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་རྡོ་རྗེ་འོད། གླན་བརྩོན་འགྲུས་སེང་གེ གླན་བསོད་ནམས་རྒྱལ་པོ། ལྷ་རྗེ་ལྷ་འབུམ། གླན་སྟོན་ཆོས་ཀྱི་སེང་གེ གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། འབྲོ་བསམ་གྲུབ་རྡོ་རྗེ། ཟུར་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། བྲ་བོ་ཆོས་འབུམ་པ། རྔོ་རྐེད་དཀོན་མཆོག་བཟང་པོ། ཀ་ཐོག་པ་ཆེན་པོ་རྡོ་རྗེ་རིན་ཆེན་དཔལ་བཟང་པོ། རྗེ་བླ་མ། དེས་བདག་ལའོ།། ༈ །།རྫོགས་པ་ཆེན་པོ་ས་གཅིག་པ། མན་ངག་གི་རྒྱལ་པོ་རྫོགས་པ་ཆེན་པོའི་བསམ་གཏན་བྱང་ཆུབ་ཀྱི་སེམས་སྒོམ། འདི་ལ་སེམས་སྒོམ་ཐིག་ལེ་དྲུག་པ་ཡང་ཟེར། རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་རྗེ་སེམས་པ། ལྟ་བ་ནམ་མཁའ་ཆེ། འདི་རྣམས་ཤི་རི་སིངྷ་དང༌། བཻ་རོ་ཙཱ་ནས་བསྒྱུར། དེ་ཁོ་ན་ཉིད་རྡོ་ལ་གསེར་བཞིན་བྱང་ཆུབ་སེམས་སྒོམ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལྟ་བ་ནམ་མཁའི་རྒྱལ་པོ། སློབ་དཔོན་རཱ་ཛཱ་ཧསྟིས་མཛད་པ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་བདེ་བ་འཕྲ་བཀོད་སྲས་མོས་མཛད་པ། རྗེ་བཙུན་དམ་པ། ཁ་ཆེ་རྒྱལ་པོ་རབ་སྣང་བསྟེན་པས་མཛད་པ། སྤྲོས་པ་མེད་པ་བྱང་ཆུབ་ཀྱི་ཏིག སློབ་དཔོན་རྣལ་འབྱོར་མ་ཨ་ར་ལིས་མཛད་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཀུན་འདུས་སློབ་དཔོན་ཀླུ་སྒྲུབ་