R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༦
[A:༣༩༦]ཀྱི་མཛད་པ། སྲོག་གི་འཁོར་ལོ་དགའ་རབ་རྡོ་རྗེས་མཛད་པ། རྫོགས་པ་སྤྱི་གཅོད་རྨི་ཁྲོད་ཀྱི་རྒྱལ་པོ་ཀུ་ཀུ་རཱ་ཛས་མཛད་པ། ལུང་རྩེ་མོ་བྱུང་རྒྱལ་ཕྲེང་བ་དམ་པ་སློབ་དཔོན་མ་ཧཱ་རཱ་ཛས་མཛད་པ། བྱང་ཆུབ་སེམས་ཡིད་བཞིན་ནོར་བུ་རིན་ཆེན་སློབ་དཔོན་མར་མེ་མཛད་ཀྱི་མཛད་པ། བྱང་ཆུབ་སེམས་བདེ་ཀློང་ཡངས་པའི་དཀྱིལ་འཁོར་བདེ་འབྱམ་རྒྱལ་པོ་དེ་བ་རཱ་ཛས་མཛད་པ། བྱང་ཆུབ་སེམས་སྒོམ་དོན་དྲུག་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། སྤྱི་བཅིངས་སྔགས་ཀྱི་ལུང་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་སྟེ་བཅུ་གསུམ་པོ་འདི་མཁན་པོ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་གཡུ་སྒྲ་སྙིང་པོས་བསྒྱུར་གོང་མ་ལྔ་ལ་སྔ་འགྱུར་ལྔ་སྟེ་མ་དང་འདྲ། ཕྱི་མ་བཅུ་གསུམ་བུ་དང་འདྲ་བས་སེམས་བདེ་མ་བུ་བཅོ་བརྒྱད་དུ་གྲགས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་རི་སིངྷ༌། བཻ་རོ་ཙཱ་ན། ཡེ་ཤེས་སྙིང་པོ། ཡེ་ཤེས་རྒྱལ་མཚན། ཡེ་ཤེས་ཚུལ་ཁྲིམས། ལྷ་རྗེ་ཆེན་པོ། ཞིག་པོ་བདུད་རྩི། སྙི་བ་ཉི་མ་གྲགས། ཟུར་མོ་འོད་འབུམ། ཡོན་ཏན་དཔལ་འབུམ། བླ་མ་ཤཱཀྱ་འབུམ། ཀུན་དགའ་རྡོ་རྗེ། བསམ་གྲུབ་རྡོ་རྗེ། ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འབུམ། ཤཱཀྱ་བཤེས་གཉེན། ཟླ་བ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། ཀ་ཐོག་པ་རྡོ་རྗེ་བཟང་པོ། རྗེ་བླ་མ། དེས་བདག་ལའོ།། ༈ །སེམས་བདེ་མ་བུ་བཅོ་བརྒྱད་ཀྱི་དབང་བརྒྱུད་དང༌། འདིའི་ལུང་བརྒྱུད་གཅིག་པ་འདྲ་སྙམ་དུ་ཡང་རྟོག་སྟེ། བླ་མའི་གསན་ཡིག་ལ་འདི་སྣང་གསུང་ངོ༌། །འདིའི་རྩ་རྒྱུད་ཀུན་ལུས་རིག་པའི་ལུང་བརྒྱུད་གོང་བཞིན་ཐོས་ལ། བཤད་རྒྱུད་དགོངས་འདུས་གཞན་དུ་ཐོས་ཅིང་བརྒྱུད་ཡིག་ཀྱང་གཞན་ན་ཡོད་ལ། མདོ་དབང་གི་ཆོ་ག་བླ་མ་ཀ་ཐོག་པས་མཛད་ལ་དེའི་ལུང་ཡང་ཚང་མ་སྟེ་མདོར་ན་ཆ་ལག་ཐམས་ཅད་རྫོགས་