R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༧
[A:༣༩༧]པར་ཐོབ་པའོ། །དམ་ཚིག་གསལ་བཀྲའི་ལུང་ཡང་ཐོབ་སྟེ། བླ་མ་ཀ་ཐོག་པ་ལ་གསན་པར་སྣང་ངོ༌།། ༈ །།དང་ལུང་ཁྲ་མོ་བྲག་གི་གཏེར་ཁ་ལས། གཏེར་སྟོན་སྤྲུལ་སྐུ་ཚུལ་རྡོར། གསང་མཚན་པད་མ་ལས་འབྲེལ་སྩལ། དཔའ་བོ་སྒང་དུ་བྱོན་པས་དཔའ་བོ་སྒང་པར་ཡང་གྲགས་པ་དེས་གདན་དྲངས་པའི་ཡིད་དམ་དྲེགས་པ་ཀུན་འདུལ་གྱི་ཆོས་སྐོར་ཐོབ་པ་ལ། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དབང་ཆོག་བཞིན་དབང་རྫོགས་པ་དང༌། སོ་སོའི་ལས་བསྒྲུབ་པའི་དབང་བསྐུར་རོ་ཞེས་པའི་སྐབས་སུ། ཕྱི་སྒྲུབ། ནང་སྒྲུབ། སྐུ། གསུང༌། ཐུགས། ཡོན་ཏན། ཕྲིན་ལས་སོ་སོའི་སྒྲུབ་ཐབས་ཀྱི་སྐབས་ནས་བཤད་པའི་ལྷ་སྒོམ་པ་དང༌། སྔགས་ཀྱི་བཟླས་ལུང༌། དེ་ནས་དཀྱིལ་འཁོར་གྱི་དབུས་གྲུ་གསུམ་འབར་བའི་གཙོ་བོའི་མདུན་དུ་གཟའ་མཆོག་ཆེན་པོ། ཛམྦྷ་ལ་དམར་པོ། བ་རུ་ཎ་རྣམས་རིམ་པས་བསྐྱེད། དཔལ་གསང་བའི་བདག་པོའི་བཀའ་ལས་མ་འདའ་བར། རྡོ་རྗེ་སློབ་མའི་མཐུན་རྐྱེན་བསྒྲུབ་པ་འགལ་རྐྱེན་སེལ། ཇི་ལྟར་བསྒོམ་པའི་ཕྲིན་ལས་སྒྲུབས་ཤིག་ཅེས་གཏོར་མ་ལག་ཏུ་གཏད་པའི་བཀའ་གཏད་མཛད་པ་ཕྱག་ལེན་ལ་གནང་བ་དང་བཅས་པ་ཐོབ་པ་དང༌། རྒྱུད་ཀླུ་འདུལ་ནག་པོ། ཕྱི་སྒྲུབ་རྩ་བའི་སྒྲུབ་ཐབས། དེའི་ལས་ཚོགས་ཁྱད་པར་བ་གསུམ་ལ། སེར་བ་དབབ་པ། བྱད་ཁ་ཟློག་པ། མཛེ་ནད་བསྲུང་བ། ཐུན་མོང་གིས་ལས་མཐའ་ལ། ལས་བཞིའི་སྦྱིན་བསྲེག་ས་བདག་ཀླུ་གཉན་འདུལ་བ། ཀླུ་གཉན་གསད་པ། དྲག་པོའི་ཐུན་བདུན། ལས་ཀྱི་ཟེར་བདུན། ཟློག་པ། གནོད་བྱེད་དགུག་པ། ཐོག་སེར་དབབ་པ། ཐོག་སེར་ཟློག་པ། ཀླུའི་གཏད་ཁྲམ། རྡོ་རྗེའི་ལས་མཐའོ། །ནང་བསྒྲུབ་རྩ་བ། དེའི་ལས་མཐའ་ལ། བུམ་པའི་ལས་མཐའ། ནད་པ་བསོ་བ། གཏོར་སྒྲུབ། སྤུ་གྲིའི་རེག་གཅོད། གཟའ་རྒོད་ཝ་ཐོད་ལགས། དོམ་ལག་མ། ཉེ་འབྱེད་སི་ཤིང་